R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༠ན
[A:༢༠ན]རིལ། ཆོས་སྐྱོང་ཞི་བ་ནོར་དུ་བསྒྲུབ་པའི་ཤོག་རིལ། ནང་ཙིཏྟ་ལ་བརྟེན་ནས་ཞལ་དངོས་སུ་བལྟ་བ་ཞིང་སྐྱོང་གི་ཤོག་རིལ། ཕྱིའི་འགབ་འདྲེ་བདུད་མོ་ཤནྟི་རོ་ཟན་མནན་པ་འབྲུག་མགོ་ཅན་གྱི་ཤོག་རིལ། ནང་གི་མལ་འོག་བསྲུང་བ། བྱད་མའི་ངག་མནན་པའི་ཤོག་རིལ། གསང་བ་རང་སྲོག་རྟེན་གྱི་འཁོར་ལོ་ཁ་སྦྱར་གྱི་ཤོག་དྲིལ། འཁོར་བསྲུང་ཞིང་མི་འཁུ་མི་ལྡོག་པའི་ཤོག་དྲིལ། ཡུམ་ཆེན་ཁྲོས་མའི་ཤོག་དྲིལ་ཆིག་བརྒྱུད། འཆི་མེད་ཚེ་བསྒྲུབ་པའི་ཤོག་དྲིལ། དགོས་འདོད་ནོར་བུ་བསྒྲུབ་པའི་ཤོག་དྲིལ། རྫས་དང་། སྲོག་འཁོར་ལ་བརྟེན་ནས་སྐུ་དངོས་སུ་བལྟ་བའི་ཤོག་དྲིལ་སྙིང་རྒྱ་ཅན། ལྟས་ངན་ཆོ་འཕྲུལ་དབབ་པའི་ཤོག་དྲིལ། དགྲ་སྲོག་མྱུར་དུ་གཅོད་པ་ནག་པོ་སྲོག་རྩ་རྣོན་པོའི་ཤོག་དྲིལ། དགྲ་མཁར་རྨང་ནས་སྒྱེལ་བ་ནག་མོ་མཁར་སྒྱེལ་གྱི་ཤོག་དྲིལ་མཁར་བཤིག་པའི་སྤུ་གྲི་ནག་པོ་ཞེས་བྱ་བ། སེར་བ་དབབ་པ་གདོང་བཞི་པའི་སྤུ་གྲི་ངར་མའི་ཤོག་དྲིལ། ཞིང་སེལ་འཇུག་པ་སྤུ་གྲི་སོ་འདེབས་ཀྱི་ཤོག་དྲིལ། ཙ་ཏུརྨུ་ཁ་གཅུན་ཐབས་ཉི་ཟླ་ཅན་གྱི་ཤོག་དྲིལ། གནད་ལ་དབབ་པ་ལྷ་མོ་ནག་མོའི་ཤོག་དྲིལ་བཀའ་རྒྱ་ཅན། མ་འཆུན་འཁུ་ལྡོག་བྱེད་ན་མནན་པའི་ཤོག་དྲིལ། ལས་བྱེད་དུ་མ་འདོད་ན་ཨར་གཏད་ཀྱི་ཤོག་དྲིལ་ཤིན་ཏུ་སྦས་པ་རྣམས་སོ། །ཤོག་དྲིལ་དང་པོའི་གསལ་བྱེད་རྗེ་བཙུན་ཆོས་རྗེས་མཛད་པ་དང་། རྒྱུན་གྱི་ཉམས་ཁོ་བོས་མཛད་པ་རྣམས་ཐོས་སོ། །གཉིས་པ་ལ་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས། རྗེས་གནང་གི་ཡིག་ཆུང་། སེར་པོ་རྒྱས་པའི་ཡི་གེ ནག་པོ་དགྲ་བགེགས་སྒྲོལ་བའི་ཡི་གེ དམར་པོ་