R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༠བ
[A:༢༠བ]དབང་བསྡུད་ཀྱི་ཡི་གེ ལས་བཞིའི་མགོན་པོའི་མངོན་རྟོགས་ཀྱི་གསལ་བྱེད། མགོན་པོ་སེར་པོའི་རྗེས་གནང་གི་ཡིག་ཆུང་། ལས་བཞིའི་མགོན་པོའི་སྒྲུབ་ཐབས་ཐེག་ཆེན་ཆོས་རྒྱལ་གྱིས་མཛད་པ། མགོན་དཀར་གྱི་ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་བརྒྱུད་པའི་གསོལ་འདེབས་དང་བཅས་པ། གཉན་ལོ་བོད་དུ་འབྱོན་ཁར་རི་སུལ་གྱི་རྣལ་འབྱོར་མས་གནང་བའི་བྲམ་ཟེ་དམོད་པའི་སྲོག་མཐུ་དགྲ་བོའི་སྲོག་གི་ཤན་པ་དམར་པོ། ལམ་བར་གྱི་ཆོམ་རྐུན་བརྟག་པའི་ཕྱིར་དུ་གདོང་བཞིའི་བཀའ་སྡོད་དྲང་སྲོང་ནག་པོ་པྲ་སེ་ནའི་མན་ངག དེའི་ཞལ་ཤེས་ཙ་ཏུརྨུ་ཁའི་ཐན་འགྱེད་གཉན་གྱི་མགུལ་ཁུག་མ། ཡུམ་ཆེན་བཞིའི་ཐན་འགྱེད། གཉན་མགོན་གྱི་པར་བུའི་མན་ངག གཉན་མགོན་ལྷ་དགུའི་ནོར་སྒྲུབ་ཐུན་མོང་མ་ཡིན་པ། རྫས་ཀྱི་སྒོ་ནས་དགྲ་བསད་པའི་ལས་སྦྱོར། རྡོ་ནག་ཡིག་དམར་གྱི་སྒྲུབ་མཐུ། ཁང་སེལ་ནག་པོ། དགྲ་བོ་ཟླ་བ་གཅིག་ལ་བསད་པ་མཛེ་པོ་ནག་པོའི་མན་ངག དགྲ་བོ་ཀླུ་ལ་གཏད་པ་གཉན་གྱི་ན་ག་སྟོབས་འཕྲོག མོན་པ་ནག་པོ་ནོར་ཤེར་གྱི་མན་ངག དར་ལུང་གི་བྲག་སྤྲེའུ་དམར་འཛིངས་འདྲའི་རྨང་ནས་གནམ་ཁ་འུབ་པས་བཏོན་པའི་ཟངས་ཁབ་དམར་པོའི་བསད་ལས། སྲེག་བྱེད་མེའི་སྦྱོར་བ། གཅུན་པའི་མཐར་ཐུག་སྡིག་པ་ནག་པོའི་འཁྲུལ་འཁོར་གྱི་ལས་ཚོགས་རྣམས་ཐོས་སོ། །གཞན་ཡང་གདོང་བཞི་པའི་སྒོ་ནས་སྲེའུ་གསོ་བའི་རྒྱུད་ཀྱི་གདམས་པ། བུ་འཚོལ་བའི་མན་ངག མངལ་བསྲུང་བའི་གདམས་པ། སྲེའུ་གསོ་བའི་ཡི་གེ སྲིད་མེད་པ་བཙལ་བ། ལྟེ་བ་བསྒྱུར་བ། ཡོད་པ་གསོ་བ་རྣམས་ཀྱི་ཡི་གེ་བླ་མ་གཉན་གྱིས་མཛད་པ། ཞལ་གདམས་སྙིང་གི་དུམ་བུར་