R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༡ན
[A:༢༡ན]གྲགས་པའི་སྐོར་ལ། སྤུ་གྲི་སོ་འདེབས་ཀྱི་ཞལ་གདམས། རང་བསྲུང་ཁྲ་མོ་ཡིད་བཞིན་འཁོར་ལོའི་ཞལ་གདམས། རྟེན་གྱི་ཞལ་གདམས། གཏོར་མའི་ཞལ་གདམས། སྔགས་ཀྱི་ཞལ་གདམས། འཁོར་ལོའི་ཞལ་གདམས་རྣམས་ཐོས། འདི་དག་ནི་ཆ་ཤས་སམ་རྐང་གྲངས་ཙམ་ཡི་གེར་བཀོད་པ་ཡིན་གྱི། ཐུན་མོང་མ་ཡིན་པའི་གནད་ཕལ་ཆེར་བརྒྱུད་པའི་མན་ངག་དང་ལྡན་པའི་བླ་མའི་སྙན་བརྒྱུད་ལྟོས་པ་ཁོ་ནར་སྣང་བས་མན་ངག་དང་བྲལ་བ་དང་ལུང་མེད་ཀྱང་དཔེ་ཙམ་ལ་བརྟེན་ནས་གཟུ་ལུམ་དུ་སྤྱོད་པ་རྣམས་ནི་མུན་ཁུང་ན་མདའ་འཕེན་པ་དང་། བྱིས་པ་གྲི་ཁར་རྩེ་བ་དང་མཚུངས་པས་ཤེས་ལྡན་དག་བག་ཡོད་པ་བྱོས་ཤིག ཚུལ་དེ་དག་རྣམས་གང་ལས་བརྒྱུད་པ་ཡིན་ཞེ་ན། སྨྲས་པ། རྡོ་རྗེ་འཆང་དང་ཀླུ་སྒྲུབ་མགོན། །བ་ལིཾ་ཏ་པ་ཡེ་ཤེས་ཞབས། །མར་མེ་མཛད་དང་དཔལ་བདེ་བ། །སྦས་པའི་ཞབས་དང་རིན་ཆེན་གཉིས། །རྣལ་འབྱོར་དབང་མོ་ལོ་ཆེན་གཉན། །ཁ་འུབ་པ་དང་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་པཎྜི་ཏ། །བློ་གྲོས་རྒྱལ་མཚན་དཀོན་མཆོག་དཔལ། །བྲག་ཕུག་པ་དང་བླ་མ་རྗེ། །བླ་ཆེན་འཇམ་དབྱངས་ནམ་མཁའི་མཚན། །བདག་ཆེན་རྡོ་རྗེ་འཆང་དབང་ཞབས། །མཐུ་སྟོབས་དབང་ཕྱུག་ཀུན་སྤངས་རྗེ། །གང་དེས་བཀའ་འབངས་བདག་ལ་འོ། །ཕྱི་ཡི་མན་ངག་ཕལ་ཆེར་ནི། །བླ་མ་དམ་པ་ཡར་ཀླུང་པ། །བསོད་ནམས་རྒྱལ་མཆོག་འཇམ་དབྱངས་ཆེ། །དེ་ནས་གོང་བཞིན་བརྒྱུད་ཀྱང་ཆོག །ཕྱི་ཡི་སྒྲུབ་སྐོར་འགའ་ཞིག་ནི། །ཆོས་རྗེ་བླ་མ་དཔལ་ལྡན་པ། །ཤར་ཆེན་པ་དང་རྡོ་རྗེ་འཆང་། །བདག་ཆེན་ཀུན་དགའ་དབང་ཕྱུག་