R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༢ན
[A:༢༢ན]ཞལ་བཞི་པའི་བླ་རྡོའི་མན་ངག་ཁྱད་པར་ཅན་གྱི་ཡི་གེ ཡང་དེས་མཛད་པའི་རྗེས་གནང་གི་ཆོ་ག་རྒྱས་པ་དངོས་གྲུབ་ཀྱི་རྒྱ་མཚོ། བྲམ་ཟེ་མངགས་གཏད་ཀྱི་ཡིག་ཆུང་། དཔལ་མགོན་གདོང་བཞི་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་བཀའ་རྒྱ་ཅན། གསང་སྒྲུབ་རྗེས་གནང་གི་ཡིག་ཆུང་། དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང་། ཏ་ཐཱ་ག་ཏ་རཀྵི་ཏས་རྒྱ་གཞུང་གི་འགྲེལ་པ། གསང་ཁྲིད་ཀྱི་སྔོན་འགྲོའི་ཡི་གེ གསང་སྒྲུབ་ཀྱི་ལས་སྦྱོར་གྱི་ཡིག་ཆུང་། གདོང་བཞི་པའི་ཤྭ་ཟློག་གི་མན་ངག་རྣམས་ཚར་ཆེན་གྱིས་མཛད་པ། ཞལ་བཞི་པའི་ཐེབ་ཟློག་རྩི་ཚུལ་གཉན་གྱི་ཨུ་པ་དེ་ཤ ཞལ་བཞི་པའི་ཙི་ཏའི་སྒྲུབ་མཐུ་ཟབ་མོ། གདོང་བཞི་པའི་སྒོ་ནས་ཆོ་འཕྲུལ་དབབ་པ། ཡུམ་སིངྒ་ལི་ནག་མོའི་ཐན་འགྱེད། རྒྱལ་འབུད། འཁར་བ་ནག་པོ་བརྡབ་པའི་མན་ངག་རྣམས་ཀྱི་ཡིག་རྙིང་། གཉན་ལོ་དང་གནམ་ཁ་འུབ་པས་མཛད་པའི་གདོང་བཞི་པའི་སྒོ་ནས་དཔལ་འབར་གྱི་མེ་བཀྲ་བརྟག་པའི་མན་ངག་གི་ཡི་གེ་རྣམས་ཀྱང་ཐོས། ༈ །ཡང་རྗེ་མཐུ་སྟོབས་ཀྱི་དབང་ཕྱུག་དེ་ཉིད་ཀྱི་དྲུང་དུ། དཔལ་མགོན་ཞིང་སྐྱོང་ནག་པོ་ཆེན་པོ་དགྲ་བོའི་སྟོབས་འཕྲོག་གདོང་བཞི་པའི་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་སྙིང་ཐིག་ཧ་ལ་ནག་པོའི་བེའུ་བུམ་ཡོངས་རྫོགས་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། དེ་ཉིད་ཀྱི་མན་ངག་གི་མ་ཡིག་རྗེ་ཚར་ཆེན་གྱིས་མཛད་པ། བུ་ཡིག་ལ་འཁོར་ལོའི་མན་ངག འཁོར་ལོ་བྲི་བའི་མན་ངག སྲུང་བའི་འཁོར་ལོའི་མན་ངག བསྙེན་པའི་སྔོན་འགྲོ་རྣམ་གསུམ་གྱི་མན་ངག ཞལ་གདམས་སྙིང་གི་དུམ་བུ་སྤུ་གྲི་སོ་འདེབས་ཀྱི་མན་