R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༢བ
[A:༢༢བ]ངག གནད་ལ་དབབ་པ་རྣམ་བཞིའི་མན་ངག སྔགས་དག་པར་བྱ་བའི་མན་ངག རིགས་སྔགས་གོ་ལྡོག་པའི་མན་ངག ཤི་ས་བསྟན་པའི་གནད་ལྔའི་མན་ངག སྤོག་ཆོག་གི་མཚམས་སྦྱོར་གྱི་མན་ངག་སྟེ་མ་ཡིག་བུ་ཡིག་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ་བ། པཎ་ཆེན་དྲི་མེད་སྦས་པ། མཁས་པ་རིན་ཆེན་རྣམ་གཉིས། རི་སུལ་གྱི་རྣལ་འབྱོར་མ། བླ་མ་པཎྜེ་བ། པཎ་ཆེན་འབུམ་ཕྲག་གསུམ་པ། གཉན་ལོ་དར་མ་གྲགས། གནམ་ཁ་འུབ་པ་ཆོས་ཀྱི་རྒྱལ་མཚན། བླ་མ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འབྲོག་ནུབ་རི་ཤར་པ་རྡོ་རྗེ་འཛིན་པ་བྱམས་པ་དོན་གྲུབ། ཉམས་དང་རྟོགས་པའི་མངའ་བདག་གྲུབ་མཆོག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་བརྒྱུད་པའི་ཞལ་བཞི་པའི་མན་ངག རྗེ་མུས་སྲད་པའི་དཀར་ཆག་ནང་བཞིན་ཐོབ་པའི་ཆོས་ཀྱི་རྣམ་གྲངས་རྣམས་དཀར་ཆག་དེ་ཉིད་ལས་འདི་ལྟར་འབྱུང་སྟེ། རྗེ་བཙུན་དཔལ་ལྡན་ས་སྐྱ་པ་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་བརྒྱུད་པའི་སྲོལ་