R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༣ན
[A:༢༣ན]མི་འདྲ་བ་གཉིས་ལས། བརྒྱུད་དེ་འོངས་པའི་མན་ངག་མངའ་སྟེ། ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ་དང་། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའོ། །དང་པོ་ལ་ཏ་ཐཱ་ག་ཏ་རཀྵི་ཏ་ཉིད་ཀྱིས་མཛད་པའི་རྒྱ་གཞུང་གི་ཡི་གེ་དང་། དེའི་ལག་ལེན་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བླ་མ་གཉན་གྱིས་མཛད་པ་ཡོད་དོ། །གཉིས་པ་རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པ་ལ། རྩ་བའི་གཞུང་དང་། དེ་ལ་བརྟེན་པའི་མན་ངག་གཉིས་ལས། དང་པོ་ནི། སྒྲུབ་ཐབས་མཆན་བཤད་ཅེས་བྱ་བ་སྔགས་དང་བཅས་པའོ། །འདི་ལ་གསལ་བྱེད་ཀྱི་ཡི་གེ མཆན་དང་། མཧཱ་ཀཱ་ལའི་སྔགས་ཀྱི་གནད་ཅེས་བྱ་བ་ས་གཅོད་ཀྱི་ཡི་གེ་དང་། སྔགས་ཐེམ་བསྟན་པ་དང་། མཆོད་པའི་དེ་ཉིད་བསྟན་པ་དང་། སྔགས་ཀྱི་ཁ་སྐོང་སྔགས་ཆད་འཇུག་རྣམས་ཡོད་དོ། །གཉིས་པ་དེ་ལ་བརྟེན་པའི་མན་ངག་ལ་ལྔ། ལོ་རྒྱུས་ཀྱི་ཡི་གེ་དང་། མཆོད་ཆོག་དང་། རྗེས་གནང་དང་། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་དང་། མན་ངག་ཕྲན་ཚེགས་རྣམས་སོ། །དང་པོ་ལ་བླ་མ་གཉན་གྱིས་ཆོས་སྐྱོང་བཙལ་བའི་ལོ་རྒྱུས་ཀྱི་ཡི་གེ་ཡོད་ལ། གཉིས་པ་མཆོད་ཆོག་ལ། རྒྱུན་དུ་མཆོད་པ་གཏོར་མའི་ཆོ་ག་དང་། ཁྱད་པར་དུ་མཆོད་པ་ཁ་སྐོང་གི་ཆོ་གའོ། །དང་པོ་ལ་དཔལ་གདོང་བཞི་པའི་མགོན་པོ་མཆོད་པའི་ཆོ་ག་གཉན་གྱིས་ཉེ་གནས་དར་མ་སེང་གེ་ལ་གནང་བ། དེའི་ཁ་སྐོང་རྡོ་རང་བྱུང་གྲུ་གསུམ་སོགས་འགོད་ཚུལ། གཙོ་འཁོར་གསུམ་མའི་སྒྲུབ་ཐབས་གཉན་གྱི་མན་ངག གནམ་ཁ་འུབ་པས་མཛད་པའི་སྒྲུབ་པའི་ལས་ཁྲིགས། ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས། བསྟོད་