R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༤ན
[A:༢༤ན]དང་། གཏོར་མ་གཏོང་ཐབས་རྣམས་སོ། །གཉིས་པ་ལ་སོ་སོར་གསལ་བྱེད་ལ། རྟེན་གྱི་མན་ངག་ཅེས་བྱ་བ་ཕྱི་རྟེན་ནང་རྟེན་གསང་རྟེན་དེ་ཁོ་ན་ཉིད་ཀྱི་རྟེན་འཆའ་ཚུལ་གཉན་གྱིས་མཛད་པ། མ་ཧཱ་ཀཱ་ལའི་རྟེན་བཅའ་བ་ཞེས་པ་ནང་རྟེན་གྱི་གསལ་བྱེད་ཆུང་ངུ་ཞིག གསང་རྟེན་གྱི་གསལ་བྱེད་གཏུམ་པོ་རང་བསྲུང་གི་འཁོར་ལོ་དང་། རྟེན་བཅའ་ཐབས་ཞེས་པའི་ཡི་གེ་རེ་རེ། རྟེན་བཅའ་ཐབས་ཀྱི་གནད་གསལ་བྱེད་ཀྱི་ཡི་གེ་གཅིག སྲུང་འཁོར་ལ་སྔགས་འབྲི་ལུགས། སྲུང་འཁོར་གྱི་སྔགས་བྱང་། བསྙེན་སྒྲུབ་ལས་གསུམ་གྱི་ཞལ་ཕྱག་གི་ཁྱད་པར། རྟེན་གྱི་མདུན་དུ་འབུལ་བའི་རྫས། མེ་ཏོག་བཞི་སྦྱོར་གྱི་ཡི་གེ་གཉིས། མཆོད་པའི་སྤོས་སྦྱོར། ཐུན་མོང་གི་བསྙེན་སྒྲུབ། ཐུན་མོང་མ་ཡིན་པའི་བསྙེན་པ་འཕགས་པ་རིན་པོ་ཆེའི་ཡི་གེ སྔགས་ཀྱི་གནད། སྒྲུབ་པའི་མན་ངག་རྗེ་བཙུན་གྱི་གསུང་། གློ་བུར་དུ་ལས་འཆོལ་བའི་མན་ངག བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མཚན། གཏོར་མའི་བཀྲ་རྟགས་བརྟག་པ། འཁོར་ལོའི་ཞལ་གདམས། འཁོར་ལོ་བྲི་ཐབས། འཁོར་ལོའི་སྔགས། འཁོར་ལོའི་མན་ངག་ཐུན་མོང་མ་ཡིན་པའི་གདམས་པ་ཞེས་བྱ་བ། འཁོར་ལོ་དང་། ལིང་གའི་ཞལ་གདམས་གནད་ཀྱི་ཡིག་ཆུང་རེ་རེ། ཡང་གསང་ཐུགས་ཀྱི་ཉིང་ཁུ། ཁ་སྦྱོར་དབྱེ་བའི་མན་ངག དམོད་པ་ལས་སྦྱོར། མངོན་སྤྱོད་བསད་ལས། སྒོང་ཟོར། འཕང་པ་ཁྱུ་མཆོག་ཟོར་གྱི་ལས། ལས་མཐའ་སྦྱིན་སྲེག ལས་མི་བྱེད་ན་ཤི་ས་བསྟན་པ། བདག་བསྐྱེད། རྩ་དབུ་མའི་མན་ངག ལྷ་མོ་ནག་མོའི་ཞལ་གདམས་རྣམས་སོ། །ལྔ་པ་མན་ངག་ཕྲན་