[A:༢༣བ]འབུམ། བསྐུལ་རྣམས་སོ། །གཉིས་པ་ཁྱད་པར་དུ་མཆོད་པ་ལ། མ་ཧཱ་ཀཱ་ལའི་རྟེན་གཟུགས་བསྒྲུབ་པའི་མན་ངག་གཉན་གྱིས་མཛད་པ། མདོས་ཆོག་གནམ་ཁ་འུབ་པས་མཛད་པ། མདོས་གཤོམ་རྒྱས་པ་ཆོས་རྗེ་ཨ་ནནྡ་མ་ཏིས་མཛད་པ་རྣམས་སོ། །གསུམ་པ་རྗེས་གནང་ལ། བླ་མ་གཉན་གྱི་ཡི་གེ་གཅིག རྗེ་བཙུན་ཆེན་པོའི་ཡི་གེ་གཅིག ཆོས་རྗེ་ཨ་ནནྡས་མཛད་པའི་ཡི་གེ་གཅིག་རྣམས་ཡོད་དོ། །བཞི་པ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ལ། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་དངོས་དང་། དེའི་གསལ་བྱེད་ཀྱི་ཡི་གེ་ཕྲ་མོའོ། །དང་པོ་ལ་གཉིས། ཡབ་ཡུམ་སྦྲགས་པའི་བསྙེན་སྒྲུབ་ལས་གསུམ་དང་། ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་མོ། དང་པོ་ལ་གཙོ་འཁོར་གསུམ་པ་ལ་བརྟེན་པའི་བསྙེན་སྒྲུབ་མནན་གསུམ་གྱི་མན་ངག་གཉན་གྱིས་མཛད་པ། གཙོ་འཁོར་གསུམ་ལྔ་གཉིས་ཀའི་བསྙེན་སྒྲུབ་ལས་གསུམ། དེའི་གསལ་བྱེད་ཀྱི་ཡི་གེ་རྙིང་པ། མགོན་པོ་བསྒྲུབ་དུས་ཀྱི་ལས་ཁྲིགས། དེ་གཉིས་ཀའི་གསལ་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་ལས་ཁྲིགས་ཆེན་མོ། ཡང་བསྙེན་སྒྲུབ་ལས་གསུམ་གྱི་ལས་ཁྲིགས་ནག་པོ་འགྲོ་ཤེས་སུ་གྲགས་པ་ཆོས་རྗེ་གཟུངས་པས་མཛད་པ་རྣམས་སོ། །གཉིས་པ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་ལ། ཡུམ་སྲིན་མོ་ལས་མཁན་སྒྲུབ་ཐབས་གཉན་ཆིག་བརྒྱུད་མའོ། །གཉིས་པ་གསལ་བྱེད་ཀྱི་ཡི་གེ་ཕྲ་མོ་ལ་གཉིས། ཐུན་མོང་དུ་གསལ་བྱེད་དང་། སོ་སོར་གསལ་བྱེད་དོ། །དང་པོ་ནི། གཉན་གྱི་གདམས་པ་དྲུག་པ་དང་། ཞལ་གདམས་དོན་ལྔ་མ་དང་། འདིའི་ཁྱད་པར་གྱི་དམ་ཚིག་དང་། ཆོས་སྐྱོང་བསྟེན་ཐབས་དང་། གཏོར་མ་བཅའ་ཐབས་