[A:༢༧ན]འཕངས་པའི་ཡི་གེ གཏོར་མནན་གྱི་ཡི་གེ ལྷ་མོའི་འཕྲིན་ལས་ཀྱི་ལས་བྱང་རྒྱས་པ། རྔ་བརྡུང་ཐབས་ཀྱི་ཡི་གེ སྒྲུབ་ཐབས་མཁན་ཆེན་གནས་དྲུག་པས་མཛད་པའི་ཡི་གེ་སྟེ་དཀར་ཆག་ནང་བཞིན་ཚང་བར་ཐོབ། འཇམ་དབྱངས་སངས་རིན་པས་མཛད་པའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་ཡང་ཐོས། ༈ །ཡང་རྗེ་དེ་ཉིད་ཀྱི་དྲུང་དུ། རྡོ་རྗེ་འཇིགས་བྱེད་ཀྱི་མན་ངག་གི་ཡིག་སྐོར་དབུས་སྟོད་པ་དཔལ་འཛིན་གྱིས་མཛད་པའི་ཆོས་ཀྱི་རྣམ་གྲངས་ལ། རྒྱུད་རྟོག་པ་གསུམ་པའི་མན་ངག་གི་ཞལ་ཤེས། རྟོག་གསུམ་འཕྲུལ་འཁོར་གྱི་ཡི་གེ གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ལུང་སྦྱོར་རིན་ཆེན་འོད་ཀྱི་སྒྲོན་མ། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཀྱི་ཡི་གེ་སྙིང་གཏམ་ལག་ལེན། དེ་ཉིད་གྲུབ་པའི་རྟགས་རྨི་ལམ་གྱི་བརྟག་ཚུལ། དྲག་ཤུལ་སྤྱོད་པའི་ཆོ་གའི་ཡི་གེ འཇིགས་བྱེད་ལ་བརྟེན་པའི་ཞི་བ་དང་། ཚེ་བསྲིང་བ་དང་། འབྱོར་པ་དང་། རིག་བརྒྱུད་རྒྱས་པར་བྱེད་པའི་སྦྱིན་སྲེག་གི་ཆོ་ག འཇིགས་བྱེད་ལ་བརྟེན་ནས་ཡམས་ནད་དང་། གདོན་དང་། དགྲ་བགེགས་ཞི་བར་བྱེད་པའི་མན་ངག རྒྱལ་སྲིད་དང་གྲགས་པ་དང་འབྱོར་པ་ཆེན་པོ་ཐོབ་པར་འཇིགས་བྱེད་ལ་བརྟེན་ནས་བསྒྲུབ་པའི་གདམས་ངག རྡོ་རྗེ་འཇིགས་བྱེད་ཀྱི་དབང་གི་སྦྱིན་སྲེག དེའི་འགུགས་པའི་མན་ངག་ཟབ་མོ། རྒྱལ་པོ་དང་བཙུན་མོ་ལ་སོགས་པ་དབང་དུ་བྱ་བའི་མན་ངག རྣལ་འབྱོར་པ་ཕོ་མོ་གང་ཡིན་ཀྱང་ཕ་རོལ་པོ་དབང་བསྡུད་ཀྱི་མན་ངག བུ་མོ་རེངས་པའི་སྦྱོར་བ། འཇིགས་བྱེད་ཀྱི་ལས་མ་གྲུབ་ན་སྤོགས་པའི་ཆོ་ག དཔལ་གཤིན་རྗེ་གཤེད་ཀྱི་རྩ་བའི་སྔགས་བཟླས་པའི་ཚུལ་