R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༧བ
[A:༢༧བ]ངེས་པ་སེང་གེའི་ང་རོ། འཇིགས་བྱེད་ལ་བརྟེན་ནས་ཕ་རོལ་པོ་དབྱེ་བའི་མན་ངག གཏན་དགྲ་ཡུལ་ནས་བསྐྲད་པའི་མན་ངག རྒྱལ་བློན་བཙུན་མོ་དམག་དཔུང་དང་བཅས་པ་རེངས་པའི་མན་ངག ཡང་ཕ་རོལ་པོ་རེངས་པར་བྱེད་པའི་གདམས་ངག་གཅིག གདུག་པ་ཅན་གྱི་དབང་པོ་རྣམས་ཉམས་པར་བྱེད་པའི་མན་ངག དགྲ་བོ་སྲིན་པོར་འཛིན་པའི་མན་ངག དགྲ་བོ་ལ་རིམས་ནད་བཏང་བའི་མན་ངག དགྲ་བོ་སྨྱོ་རུ་འཇུག་པའི་མན་ངག འཇིག་རྟེན་གསུམ་གྱི་བདུད་སྡེ་ཕུང་བར་བྱེད་པའི་མན་ངག འཇིགས་བྱེད་ལ་བརྟེན་པའི་ས་གསུམ་འཇོམས་པའི་འཁྲུལ་འཁོར། ལས་སྦྱོར་བདུད་སྡེའི་མཚོན་ཆ་འབར་བའི་ཕྲེང་བ། མངོན་སྤྱོད་ཀྱི་ཡི་གེ་བཤན་པ་ཆེན་པོ་རྣམ་པར་རོལ་པ་སྤོག་ཆོག་གི་མན་ངག འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་དུས་ཀྱི་མེ་ལྕེ་འབར་བ། གཏོར་མ་དྲུག་ཅུ་རྩ་བཞིའི་མན་ངག་གི་ཡི་གེ བཟླས་པའི་མན་ངག་ཐུགས་ཀྱི་འཁོར་ལོའི་གདམས་པ། རྟོག་པ་བདུན་པའི་འཕྲུལ་འཁོར་གྱི་ཡི་གེ གཤིན་རྗེ་རྒྱལ་པོ་བསད་པའི་ཆོ་ག བཙུན་མོ་དང་བཅས་པ་བསད་པའི་མན་ངག རྩ་སྔགས་ཀྱི་འཁྲུལ་འཁོར་དངོས་གྲུབ་ཀྱི་གཟི་བརྗིད་རབ་སྣང་ཞེས་བྱ་བ། རྡོ་རྗེ་འཇིགས་བྱེད་ལས་ཐམས་ཅད་ཀྱི་སྦྱིན་སྲེག་གི་ཆོ་ག་འཁོར་ལོ་རིན་པོ་ཆེའི་མཛོད་ཅེས་བྱ་བ། རྟོག་བདུན་འཁྲུལ་འཁོར་གྱི་ཆོ་ག གཤིན་རྗེ་དམར་ནག གདོང་དྲུག་སོགས་ལ་བརྟེན་ནས་སེམས་ཅན་གྱི་དོན་དུ་འཁྲུལ་འཁོར་གྱི་ཆོ་ག་རྩོམ་ཚུལ། རྒྱུད་རྟོག་གསུམ་གྱི་ས་བཅད། རྟོག་གསུམ་གྱི་རྒྱས་འགྲེལ་རིན་པོ་ཆེའི་སྙེ་མ་རྣམས་ཐོབ་པའི་བརྒྱུད་པ་ནི། དབུས་སྟོད་པ་དཔལ་འཛིན་ཉི་མ་བཟང་པོ། བླ་མ་སྟག་ལུང་