[A:༡༨ན]པ། ཞ་ལུ་བ་ཆེན་པོ་སྟག་ལུང་ངག་དབང་གྲགས་པ། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། འགོས་སྟོན་རྡོ་རྗེ་སེང་གེ ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པའི་རྣམ་བཤད་རྒྱལ་སྟོན་གྱིས་མཛད་པའི་སྟེང་ནས་ལུང་བཤད་ཤིན་ཏུ་སྨིན་པ་དང་། ཨུཥྞི་ཥ་རྭ་ལུགས་ཀྱི་ཡིག་སྣ་ལ། དེའི་མངོན་རྟོགས། སྲུང་ཟློག་གཉིས་ཀྱི་འཁོར་ལོའི་མན་ངག ལྷན་ཐབས་ཀྱི་ཡི་གེ ཞལ་གདམས་གནད་ཀྱི་ལྡེ་མིག དྲག་པོའི་ལས་སྦྱོར་གྱི་ཡིག་སྣ། སྲུང་ཟློག་ཟབ་གནད། གཞན་ཡང་ཞལ་ཤེས་ཀྱི་ཡིག་ཆུང་འགའ་རེ་དང་བཅས་པ་དང་། ལས་གཤིན་ལྷ་བཅུ་གསུམ་གྱི་མཆོད་ཆོག་ཐར་པ་གླིང་པ་ཨརྻ་དེ་བས་མཛད་པ་རྣམས་ཐོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་རོ་ལངས་མ། རྣལ་འབྱོར་གྱི་དབང་ཕྱུག་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པྃ་ཀ་ར་རཀྵི་ཏ། བླ་མ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་། རྭ་དཀོན་མཆོག་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁས་གྲུབ་བརྩོན་འགྲུས་བྱང་ཆུབ། གཉེན་པོ་བ་སློབ་དཔོན་ཀུན་དགའ་རྒྱ་མཚོ། དབུས་སྟོད་པ་ཡོན་ཏན་ཆོས་