[A:༥ན]གཅིག་པ་ལས་གསུངས་པའི་གཙུག་དགུ་ལྷ་སོ་བདུན། སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང་། འཇམ་དཔལ་གྲགས་པའི་མཚན་བརྗོད་འགྲེལ་ཆེན་ལས་གསུངས་པའི་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག འབྱུང་འདུལ་ལྷ་སོ་གསུམ་མམ་སོ་བཞི། འོད་ཟེར་ཅན་གྱི་རྟོགས་པ་ལས་གསུངས་པའི་འོད་ཟེར་ཅན་ལྷ་ཉེར་ལྔ། གཟུངས་གྲྭ་ལྔའི་རྟོག་པ་ལས་གསུངས་པའི་གཟུངས་གྲྭ་ལྔ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཏེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཞི། ཀྱཻ་རྡོར་བཅུ་གསུམ། བདེ་མཆོག་བཅོ་བརྒྱད། དུས་འཁོར། ཡོ་གའི་གསུམ། བྱ་སྤྱོད་ཀྱི་གསུམ་སྟེ་ཕྲེང་རྐྱང་གི་དབང་དུ་བྱས་པའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡ་ཀ་ར། ཨ་ནུ་པ་མ་རཀྵི་ཏ། བཱིཀྵ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། བྷུ་མི་ཤྲཱི།
དེའི་དབོན་པོ།
བི་མ་ལ་ཤྲཱི།་དེའི་སྲས།
བོ་དྷི་སིངྷ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་ཆེན་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་བཟང་པོ། བྱང་སེམས་བློ་གྲོས་རིན་ཆེན། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འདྲེན་མཆོག་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཨ་བྷ་ཡ་ཀ་ར། ནཱ་ཡ་ཀ་པ། དྷ་ཤ་བྷ་ལ་ཤྲཱི། བཱིཀྵ་ཏ་དེ་བ་མན་སྔར་དང་འདྲ། ཡང་ན་པཎ་ཆེན་ཤཱཀྱ་ཤྲཱི། གླང་བཾ་པོ་བ། གཉག་རྡོ་རྗེ་འཛིན་