[A:༥བ]པ། ཁམས་པ་དཀོན་མཆོག་རིན་ཆེན།
ལྷོ་ཚད་པ་ཡང་ཟེར།
ལོ་ཙཱ་བ་མཆོག་ལྡན། དེ་ལ་ཀུན་མཁྱེན་ཆེན་པོས་ཡེ་ཤེས་ཞབས་ལུགས་ཀྱི་གཙོ་བྱས་ཕལ་ཆེ་བ་ཞུས། དེ་ལ་མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །ཡང་དཀྱིལ་འཁོར་བསྲུང་བ་ལྔ། མཁའ་འགྲོ་ལྔ། འཁོར་ལོས་བསྒྱུར་བ་དྲུག་རྣམས་སོ་སོར་ཕྱེ་ནས།
ལྔ་བཅུ་རྩ་ལྔར་ཕྱེ་བའི་བརྒྱུད་པ་ནི། ཨ་བྷ་ཡ། ཤཱཀྱ་རཀྵི་ཏ། གྷོ་དྲ་གུ་རུ། བི་བྷུ་ཏ་ཙནྡྲ། གོ་དེ་བ་ཤྲཱི། ཀྵནྟི་ཤྲཱི། པཎྜི་ཏ་བུདྡྷ་ཤྲཱི། པཎྜི་ཏ་ནཱ་ཐ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་ཆེན་པོ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །ཡང་ན་ཨ་བྷ་ཡ། ལེགས་སྤྱོད་འབྱུང་གནས་སྦས་པ། བདེ་བའི་འབྱུང་གནས་སྦས་པ། རཏྣ་རཀྵི་ཏ། ཞང་ལོ་ཙཱ་བ་གྲུབ་པ་དཔལ། ཁམས་པ་ཤཱཀྱ་རྡོ་རྗེ། བླ་མ་དགུས་པ། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་མན་འདྲའོ། ༈ །ཡང་དཀྱིལ་འཁོར་ཉེར་བརྒྱད་དུ་བསྡུས་ཀྱཻ་རྡོར་ལྷ་དགུ་མ་བཞི། བཅུ་བདུན་མ་བཞི། བདག་མེད་མ་གཉིས། བདེ་མཆོག་གསུམ། ཕག་མོ་གསུམ། བདུད་བཞི་རྣམས་རེ་རེ་བསྡུས་ནས།
པའི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན་ཡན་སྔར་དང་འདྲ། དེ་ནས་ལྷོ་པ་ཐམས་ཅད་མཁྱེན་པ། ལྷ་ཁང་དཀར་རུ་མ། ཡར་ལུང་པ་སློབ་དཔོན་རལ་གྲིའི་གཅུང་པོ་ཤེར་སྨོན། བླ་མ་བྱང་སེང་། སྐྱི་སྟོན་པ་མན་འདྲའོ། །ཡང་ན་ཨ་བྷ་ཡ། ཨ་ནུ་པ་མ་རཀྵི་ཏ། བཱིཀྵ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། དབོན་པོ་བྷུ་མི་ཤྲཱི། དེའི་སྲས་བི་མ་ལ་ཤྲཱི་བྷ་དྲ། ལོ་ཙཱ་བ་བློ་ལྡན། བྱང་སེང་པ། མཁས་མཆོག་པ།སྐྱི་སྟོན་གྲགས་རྒྱལ།
ཀུན་མཁྱེན་ཆེན་པོ། ས་བཟང་མ་ཏི་པཎ་