R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤བ
[A:༤བ]བཅོ་ལྔ། བརྟག་གཉིས་ནས་གསུངས་པའི་ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔ། གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག སམྦ་ཊི་ནས་བཤད་པའི་ཧེ་རུ་ཀ་ལྷ་བཅུ་བདུན་ཏེ་དཀྱིལ་འཁོར་བཅུ་གསུམ་པོ་འདི་ཀྱཻ་རྡོ་རྗེའི་ཕྱོགས་སུ་གཏོགས་སོ། །སམྦ་ཊི་ནས་བཤད་པའི་རྡོར་སེམས་ཞི་བ་དཀར་པོ་ལྷ་སོ་བདུན། བདེ་མཆོག་རྩ་བཤད་ཀྱི་རྒྱུད་ནས་གསུངས་པའི་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། སྔོན་པོ་ཞལ་གཅིག་ཕྱག་གཉིས་མ། གསེར་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ་སྟེ་དེ་གསུམ་གཙོ་བོར་གྱུར་པའི་ལྷ་རེ་གཉིས་རེ་ཡོད་པའི་དཀྱིལ་འཁོར་གསུམ། ཕག་མོ་དམར་མོ། སྔོན་མོ། སེར་མོ་གསུམ་གཙོ་བོར་བྱས་པའི་ཕག་མོ་ལྷ་སོ་བདུན་མའི་དཀྱིལ་འཁོར་གསུམ། ཨ་བྷི་དྷ་ན་ནས་གསུངས་པའི་ཧཱུྃ་མཛད་ལྷ་བཅུ་གཅིག ཨ་བྷི་དྷ་ན་ལས་གསུངས་པའི་འཁོར་ལོས་བསྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས། རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག བདུད་རྩི་ཧཱུྃ་མཛད་ལྷ་ཉེར་དགུ། བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག བདུད་རྩི་འཁྱིལ་བ་ལྷ་བཅུ་གསུམ། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ། སངས་རྒྱས་ཐོད་པ་ཤེས་རབ་མ་དང་བྲལ་བ་ལྷ་དགུ། མ་ཧཱ་མ་ཡའི་རྒྱུད་ཆུང་ལས་གསུངས་པའི་མ་ཧཱ་མ་ཡ་ལྷ་ལྔ། གདན་བཞིའི་རྒྱུད་ལས་གསུངས་པའི་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད། ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། དྲང་སྲོང་ཉི་མའི་ཤིང་རྟ་སོགས་འདུལ་བའི་ཆེད་དུ་གསུངས་པ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་སོ་བཞི། དེ་ཉིད་འདུས་པའི་རྒྱུད་ལས་གསུངས་པའི་རྡོར་དབྱིངས་ལྷ་ང་གསུམ། སྦྱོང་རྒྱུད་དང་བརྟག་པ་ཕྱོགས་