R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦ན
[A:༦ན]ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ༈ །ཡང་སློབ་དཔོན་ཆེན་པོ་དརྤན་ཨཱ་ཙརྻ་ཞེས་བྱ་བ་ཚེམས་ལན་ཉི་ཤུ་བརྗེས་སྐུ་ཚེ་ལོ་སྟོང་དང་ཉིས་བརྒྱ་བཞེས་པ་དེས་མཛད་པའི། ཀྲྀ་ཡ་ས་མུཙྪ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་མཐའ་ཡས་པ་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་ནས་འབྱུང་བའི་དཀྱིལ་འཁོར་གྱི་རྣམ་གྲངས་ལ། སྔར་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་པོ་ཇི་ལྟ་བ་བཞུགས་པ་ལ། དེའི་སྟེང་དུ་གཟའ་ཡུམ་གྱི་དཀྱིལ་འཁོར། ནོར་རྒྱུན་མའི་དཀྱིལ་འཁོར། རྣམ་རྒྱལ་གྱི་དཀྱིལ་འཁོར་ཏེ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྟན་པས་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་བའི་ཆོ་ག་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡ་ཀ་ར། ཨ་ནུ་པ་མ་རཀྵི་ཏ། དར་པཎ་ཨ་ཙརྻ།
་འགྲོ་བའི་མེ་ལོང་།
ས་མནྡ་བྷ་དྲ།
ཀུན་ཏུ་བཟང་པོ།
ཛྙཱ་ན་ཛྱོ་ཏི།
ཡེ་ཤེས་ཀྱི་གློག
ཤྲཱི་ཧ་ནུ་མནྟ།
དཔལ་ཡིད་ཀྱི་འགྲམ་པ།
ཤྲཱི་བྷུཉྫ་བྷ་དྲ།
འཇམ་དཔལ་བཟང་པོ།
ཤྲཱི་བྷ་དྲ།
དཔལ་བཟང་པོ།
དྷརྨཱ་ཛྱོ་ཏི་བྷ་དྲ།
ཆོས་ཀྱི་ཐོག་བཟང་པོ།
མན་ཛི་བ་བྷ་དྲ།
ཡིད་རྒྱལ་བཟང་པོ།
ཤོ་ཏཾ་ཤྲཱི་བྷ་དྲ།
ཝ་ཏྲུ་མའི་ཡི་གེ་ལ་ཤོ་དང་གོ་ནོར་བ་ཡོད་པས་གོ་ཏམ་ཤྲཱི་ཡིན་ནམ།
ཤྲཱི་བི་ཛ་ཡ་བྷ་དྲ།
དཔལ་རྣམ་རྒྱལ་བཟང་པོའི་ཞབས།
ཤྲཱི་མཱ་ད་ན་བྷ་དྲ་པ་ད།
དཔལ་མྱོས་བཟང་པོའི་ཞབས།
ཤྲཱི་ལཀྵྨི་བྷ་དྲ་བཱ་ད།
དཔལ་ཕུན་ཚོགས་བཟང་པོའི་ཞབས།
ག་ག་ན་བྷ་དྲ།
ནམ་མཁའ་བཟང་པོ།
ཨཱ་ཏཱ་ཡ་ཛི་བ་བྷ་དྲ།
ཆུའི་འཚོ་བ་བཟང་པོ།
ཤྲཱི་ཧ་ར་ཥ་བྷ་དྲ་པཱ་དྲ།
དཔལ་འཕྲོག་བྱེད་བཟང་པོའི་ཞབས།
ཨ་བྷ་ག་བྷ་དྲ།
སྐལ་ལྡན་བཟང་པོ་འདི་བལ་པོ་ཡེ་རང་པཎྜི་ཏ་ཡིན་ནོ། །
བལ་