R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦བ
[A:༦བ]ཡུལ་ཡེ་རང་གི་པཎྜི་ཏ་ཛ་བ་ཏ་ཨ་ནནྡ་བི་ཛ་བྷ་དྲ།
སྐྱེ་དགུ་ཀུན་དགའ་འཚོ་བ་བཟང་པོ།
དེའི་སྲས། པཎྜི་ཏ་མཧཱ་བོ་དྷི།
བྱང་ཆུབ་ཆེན་པོ།
དེས་ས་བཟང་འཕགས་པ་ཀུ་མ་ར་མ་ཏི། བིཀྵི་ཨ་ནནྡ་བྷ་དྲ་
རྡོ་རྗེ་འཆང་ཀུན་དགའ་བཟང་པོ།
མན་གོང་བཞིན་ནོ། །འདིའི་པཎྜི་ཏ་མཧཱ་བོ་དྷིའི་ལོ་རྒྱུས་ནི། ཛ་བ་པཎྜི་ཏ་ལ་སྲས་ཡུན་རིང་དུ་མ་བྱུང་བ་ལ། རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ། གསོལ་བ་འདེབས་སུ་བྱོན་པས། ཡུམ་མངལ་དང་ལྡན་པར་གྱུར་ནས་སྲས་གཅིག་བལྟམས་པས་མཚན་མཧཱ་བོ་དྷིར་བཏགས་སོ། །ཀྲྀ་ཡའི་དབང་རྒྱུན་འདི་བོད་དུ་མ་འགྱུར་བ་ལ། དུས་ཕྱིས་དཔལ་ལྡན་ས་སྐྱར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པའི་ཕྱག་ཏུ་ས་མུཙྪའི་རྒྱ་དཔེ་ཞིག་བལ་ཡུལ་གྱི་ཚོང་པའི་ལག་ནས་བྱུང་བ་དེ་ཀུན་སྤངས་ཆོས་གྲགས་པའི་ཕྱག་ཏུ་བྱུང་། དེ་ཉིད་ཀྱི་བཀའི་མཉན་པས་བསྐུལ་ཞིང་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས། བྲྀ་ཀ་མ་ལ་ཤི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་ས་བཟང་གཞོན་ནུ་བློ་གྲོས་ཀྱིས་བསྒྱུར་ནས། དབང་ལུང་གསན་ས་མ་རྙེད་པར་ཡོད་པའི་ཚེ་མངའ་རིས་པ་རྡོ་རྗེ་དཔལ་གྱིས་ཡེ་རང་དུ་ས་མུ་ཙྪའི་དབང་ཞུས་ཟེར་བའི་གཏམ་གསན་ནས། ས་བཟང་འཕགས་པ་དཔོན་གཡོག་བདུན་གྱིས་ཡེ་རང་དུ་བྱོན་ནས་པཎྜི་ཏ་མ་ཧཱ་བོ་དྷི་ལ་དབང་ལུང་ཡོངས་སུ་རྫོགས་པར་ཐོབ་ནས་དར་རྒྱས་སུ་མཛད་པའོ། ༈ །ཡང་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དྲུང་དུ། གཉིས་མེད་ཀྱི་རྒྱུད་ལས་གསུངས་པ་རྗེ་བཙུན་ས་སྐྱ་པ་ལ་ཀྱཻ་རྡོ་རྗེ་ལ་བཀའ་སྲོལ་བཞི་བཞུགས་པའི་ཐོག་མར་ཀྱཻ་རྡོ་རྗེ་ཌོམྦྷི་ལུགས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་