R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧ན
[A:༧ན]བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། རོང་པ་སྒ་ལོ། རོང་པ་ཤེས་རབ་སེང་གེ ཞང་གྲགས་འབྱོར། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག་གྲགས་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ར་སྟོན་ཡོན་ཏན་དཔལ་བཟང་པོ། མཁན་ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་བསོད་ནམས། རྗེ་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དེའི་སྒྲུབ་ཐབས་རྡོ་རྗེ་འཆང་ཀུན་བཟང་བས་མཛད་པ་དང་། དཀྱིལ་ཆོག་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ལུང་དང་བཅས་པ་ཐོས་སོ། ༈ །ཀྱཻ་རྡོ་རྗེ་གྲུབ་ཆེན་མཚོ་སྐྱེས་ལུགས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷུ་ཏི། ལྕམ་ལེགས་སྨིན། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི། སེ་འཁར་ཆུང་བ། ཞང་དགོན་པ་བ། ས་ཆེན། རྟ་སྟག་སོ་བ་ཁུ་དབོན། རྒྱལ་མཚན་གྲགས། དཔལ་ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་