R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧བ
[A:༧བ]འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དེའི་སྒྲུབ་ཐབས་དང་དཀྱིལ་ཆོག་འདོར་ལེན་བྱེད་ཚུལ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་མཚོ་སྐྱེས་ཕྲ་མིག མཎྜལ་མཆོད་ཆོག་ངོར་ཆེན་ཀུན་བཟང་གིས་མཛད་པ། དཀྱིལ་ཆོག་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ། ནས་གླིང་མའི་དབང་གོང་མའི་ཆོ་ག་མུས་ཆེན་གྱིས་མཛད་པ་ཡང་ཐོས། ༈ །ཀྱཻ་རྡོ་རྗེ་གྲུབ་ཆེན་ནག་པོ་ལུགས་ཀྱི་སྐུ་གསུང་ཐུགས་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། ནག་པོ་དམ་ཚིག་རྡོ་རྗེ། ནག་པོ་ཞི་བ་བཟང་པོ། འགོས་ཁུག་པ་ལྷས་བཙས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྐྱི་ཆུ་བ་ཤཱཀྱ་འབར། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། དཀར་ཤཱཀྱ་གྲགས། བ་དེ་ལུང་པ་ཀུན་བཟང་དཔལ། བླ་མ་དར་མ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་དོན་གྲུབ། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན། ཀུན་མཁྱེན། རྗེ་ལྷ་མཆོག་སེང་གེ བུདྡྷ་སིངྷ་། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་