R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨ན
[A:༨ན]ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན། རྗེ་ཀུན་དགའ་དབང་ཕྱུག འདྲེན་མཆོག རྗེ་ལྷ་མཆོག་སེང་གེ་མན་འདྲའོ། །ཡང་ན་ངོར་ཆེན། ཀུན་དབང་། ཀུན་མཁྱེན། རྗེ་སངས་རྒྱས་རིན་ཆེན། རྗེ་གཉན་ཆེན་གྲགས་པ་བློ་གྲོས། རྗེ་བུདྡྷ་སིངྷ་མན་འདྲའོ། ༈ །ཡང་མཁན་ཆེན་འཇམ་པའི་དབྱངས་དེ་ཉིད་ཀྱི་དྲུང་དུ། གྲུབ་ཆེན་མ་ཎི་ཀ་བཛྲ་གྱི་ལུང་རྣམ་འཇོམས་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། རྗེ་བཙུན་བྱམས་པ། སྐལ་ལྡན་ག་ག་དྷ་ར། སློབ་དཔོན་མ་ཎི་བཛྲ། པཎྜི་ཏ་ཛ་ཡ་ཝརྨ། པཎྜི་ཏ་ཛྙཱ་ན་ཤྲཱི། ལོ་ཙཱ་བ་ཅོག་གྲུབ་རབ་ཞི། བླ་མ་ཡོན་ཏན་ལེགས་པ། རྗེ་བསམ་གཏན་དབང་ཕྱུག བླ་མ་དོན་གྲུབ་ཡེ་ཤེས། ཆོས་ཀྱི་བློ་གྲོས། བླ་མ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་མཆོག་རྡོ་རྗེ། བླ་མ་ཤེས་རབ་འབུམ། རོང་པ་ཆོས་ཀྱི་དབང་ཕྱུག བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། བྱ་སྡེར་བ་བྱང་ཆུབ་སེང་གེ ས་བཟང་འཕགས་པ། རྗེ་རྡོ་རྗེ་འཆང་། གུ་གེ་པཎྜི་ཏ། འཇམ་དབྱངས་ནམ་མཁའ་བརྟན་པ། འཁོན་དཀོན་མཆོག་ཚུལ་ཁྲིམས། རྗེ་བཙུན་སྒོ་རུམ་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་གཙུག་ཏོར་གདུགས་དཀར་ཅན་གྱི་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་གདུགས་དཀར་མོ་