R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨བ
[A:༨བ]ཅན། སློབ་དཔོན་ཙནྡྲ་གོ་མི། གི་ར་ཝ་ཏ། བཛྲ་རཀྵི། ཤུ་རཾ་ག་བྷ་དྲ། ཁ་ཆེ་པཎྜི་ཏ་དཀར་པོ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ནུབ་པ་རིག་འཛིན་གྲགས། ཤར་པ་ཤེས་རབ་འབྱུང་གནས། བླ་མ་ཡེ་ཤེས་རྒྱལ་མཚན། སློབ་དཔོན་རིན་པོ་ཆེ། ཞང་ཡེ་ཤེས། བླ་མ་དཀོན་མཆོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། རྗེ་རྡོ་རྗེ་འཆང་། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་རཏྣ་ཤི་ལ། རྗེ་སྒོ་རུམ་པ། རྗེ་མཁྱེན་བརྩེ་བ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་སངས་རྒྱས། ཕྱག་རྡོར། མཁའ་འགྲོ་མ་དེ་ཝ་སྦྱིན། ཁ་ཆེ་རཏྣ་བཛྲ། བྲམ་ཟེ་སདྫ་ན། སྲས་མ་ན་ཛྙཱ་ནཱ་པཱ་ལ། དམྱལ་པ་ཡེ་ཤེས་དབང་ཕྱུག དགེ་བསྲུང་། གོད་སྔོན་པ། སྤུ་སྟོན་འབར་ཐོག ཕོ་རོག་དར་མ་མདོ། ཐོག་པ་འབུར། ཇོ་གདན་དབང་རིན། ཁམས་པ་ཤཱཀྱ་རྡོ་རྗེ། སྟོན་པ་དར་མ་ཤཱཀྱ། སྤུ་བོས་དབང་། ལོ་ཙཱ་བ་མཆོག་ལྡན། བག་སྟོན་མན་འདྲའོ། ༈ །ཡང་གཟུངས་གྲྭ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིགས་གཏད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་བ། གཉན་སྟོན་གྲགས། གཉན་རིན་ཆེན་གྲགས། ལྷ་སའི་གནས་བརྟན་དཀོན་རྒྱལ། དེའི་སྲས་རྡོག་སྟོན་བྱའུ་རྒྱལ། རྒྱལ་ཚ་ལུང་མང་པོ། རོང་པ་ཤེར་