[A:༩ན]སེང་། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ལྕེ་ནམ་མཁའ་མཆོག་གྲུབ། ཆོས་རྗེ་ཀ་བཞི་པ་ཆེན་པོ། མཁྱེན་རབ་ཆོས་རྗེ། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཡབ་སྲས་དེ་གསུམ་ལ་རྗེ་དབང་ཕྱུག་རབ་བརྟན་པས་གསན། དེ་ལ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་གསན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་མཁྱེན་རབ་ཆོས་རྗེ། སྒོག་འབྲོག་གཉིས་ལས། བྱང་གླིང་འཇམ་པའི་དབྱངས། རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ༈ །ཡང་འོད་ཟེར་ཅན་མ་ལྷ་ལྔའི་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཇོ་བོ་ཏ་ཏི་ཨ་ཤྭ་ཀ་ཤྲཱི། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། སྒ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཤེས་རབ་སེང་གེ འཕགས་འོད། ཀུན་མཁྱེན་བུ། ཐུགས་སྲས་སེམས་དཔའ་ཆེན་པོ། བླ་མ་བཀྲ་ཤིས་རིན་ཆེན། རྗེ་རྡོ་རྗེ་འཆང་། པཎྜི་ཏ་གྲགས་པ་རྒྱལ་མཚན། ནམ་བརྟན་པ། རཏྣ་ཤི་ལ། རྡོ་རྗེ་འཆང་སྒོ་རུམ་པ། རྗེ་མཁྱེན་བརྩེ་དབང་ཕྱུག བླ་མ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་པོ་སྙིང་རྗེའི་རྣམ་པར་རོལ་པ་ཡིད་བདེའི་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པའི་སྒྱུ་མ་ཆེན་པོ་ལྷ་ལྔའི་