R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༩བ
[A:༩བ]རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦྷི་བ། ཏི་ལོ་པ། ན་རོ་པ། མར་ལོ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློ་ཀྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། ཁྲོ་ཕུ་བ་སེམས་དཔའ་ཆེན་པོ། འཇམ་སྐྱ་ནམ་མཁའ་དཔལ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། རྗེ་རྡོ་རྗེ་འཆང་། པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ཀུན་དགའ་གྲོལ་མཆོག འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ཀརྨ་བཟང་པོ། རྗེ་དབང་ཕྱུག་རབ་བརྟན་མན་འདྲའོ། །ཡང་ན་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཡེ་ཤེས་མཁའ་འགྲོ་མ། ཀུ་ཀུ་རི་པ། ནཱ་རོ་པ། ཤནྟི་པ། ཇོ་བོ་རྗེ། རོང་པ་མགར་དགེ ཀློ་ཀྱ་སྟོད་པ། སྟེང་པ་ཐུགས་གསལ། འཕར་ལུང་པ་རྒྱལ་སྲས། རྐྱང་པོ་ཉི་ཤེ ཟླ་ཚ་དར་རྒྱས། ཟླ་ཚ་གྲགས་རྒྱལ། སྤེན་ཕུག་པ་བསོད་ནམས་མཛེས། དོན་རི་གྲགས་ཆེན། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་