R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༠ན
[A:༡༠ན]གྲུབ། ཀ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཆུ་མིག་ཁ་པ་དཀོན་མཆོག་དཔལ་བཟང་། འབྲོག་སྒང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་འཇམ་དབྱངས་ཆེན་པོ། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན། ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན། ཀ་མ་བ་འབྲོམ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། སྟབས་ཀ་བ་འབྲོམ་བྱང་ཆུབ་བཟང་པོ། སྟོན་པ་ནམ་མཁའ་རིན་ཆེན། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། རིན་ཆེན་གླིང་པ་རིན་ཆེན་བྱང་ཆུབ། སྒ་ལུང་པ་རིགས་ཀྱི་བདག་པོའི་དཔལ། སྒ་ལུང་པ་བྱང་ཆུབ་དཔལ། སྨྱུག་པའི་སློབ་དཔོན་བསོད་ནམས་འོད་ཟེར། གོས་སྔོན་ཆུ་སེར་བ་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་ནམས་བཟང་པོ། བླ་མ་དཔལ་ལྡན་པ། སྟག་ཚང་ཆོས་འཁོར་བ་མཁན་ཆེན་ནམ་མཁའ་འོད་ཟེར། པ་ཚབ་དགའ་བ་གདོང་པ་གནས་བརྟན་ཡེ་ཤེས་ཚུལ་ཁྲིམས། ནུབ་ཆོས་ལུང་པ་རཏྣ་ཨ་ཀ་ར་ཤནྟི་པ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དཔལ་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་