[A:༡༣ན]པ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་མཁས་པའི་དབང་པོ་དེ་ཉིད་ཀྱི་དྲུང་དུ་ཁ་འུབ་བྲག་རྫོང་པའི་ཉམས་ལེན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་སློབ་བཤད་ཟབ་མོ་ལུང་གི་སྐོར་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་པའི་ཚུལ་ནི། ཐོག་མར་སྣང་བ་གསུམ་གྱི་ཁྲིད་ལེགས་པར་ཐོབ་ནས། དེའི་སྐབས་སུ་ལུང་གི་སྐོར་ནོས་པ་ལ། བླ་མ་རྒྱ་བོད་ཀྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པའི་གླེགས་བམ་ནང་བཞུགས་པ། ས་སྐྱ་པ་ཆེན་པོའི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། རྗེ་བཙུན་གྱི་རྣམ་ཐར་ས་པཎ་གྱིས་མཛད་པ་དང་། རྣམ་ཐར་མནལ་ལམ་མ་བནྡྷེ་བཤེས་གཉེན་གྲགས་ཀྱིས་མཛད་པ། ས་པཎ་གྱི་རྣམ་ཐར་ལྷོ་པ་རིན་ཆེན་དཔལ་གྱིས་མཛད་པ་དང་། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། འཕགས་པ་རིན་པོ་ཆེའི་རྣམ་ཐར་ཤར་པ་ཡེ་ཤེས་
ཡེ་ཆེན་མོ་ཡིན།
རྒྱལ་མཚན་གྱིས་མཛད་པ། ཞང་དཀོན་མཆོག་དཔལ་བའི་རྣམ་ཐར་ཆོས་རྗེ་དཔལ་ལྡན་པས་མཛད་པ། ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར་གཉག་སྙིང་པོ་རྒྱལ་མཚན་གྱིས་མཛད་པ། ཉན་ཆེན་པ་བསོད་ནམས་བརྟན་པའི་རྣམ་ཐར་དཀར་པོ་བྲག་པས་མཛད་པ། རྒྱལ་བ་བྲག་ཕུག་པའི་རྣམ་ཐར་རི་ཁྲོད་པས་མཛད་པ། རི་ཁྲོད་པ་བློ་གྲོས་བརྟན་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། བླ་མ་དམ་པའི་རྣམ་ཐར་དཔལ་ལྡན་པས་