[A:༡༤ན]ཅིང་། དེ་ནས་འཁོར་འདས་དབྱེར་མེད་ཀྱི་ཁྲིད་ཚུགས་པའི་སྐབས་དེར་བླ་མ་དོན་ཡོད་གྲུབ་པའི་རྣལ་འབྱོར་ཚར་གསུམ་ཁུག་པའི་བྱིན་རླབས་གནང་བ་ཐོབ་ནས་ལྟ་ཁྲིད་ཀྱི་ཉམས་བླངས་གནད་གསུམ་གྱི་སྔོན་དུ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་ནོས་ཤིང་། ལྟ་ཁྲིད་ཀྱི་སྐབས་སུ་ཟིན་ཐུན་ལ་དབང་བཞིའི་དམ་ཚིག་སྤྱི་དང་། ཁྱད་པར་རྩ་བ་དང་ཡན་ལག་གི་ལྟུང་བའི་རྣམ་གཞག་རྩ་ལྟུང་འཁྲུལ་སྤོང་གི་སྟེང་ནས་གནང་བ་ཐོབ། དེ་ནས་བུམ་དབང་གི་ཕྱི་བསྐྱེད་རིམ་གྱི་ཁྲིད་ཚུགས་ནས་ལམ་འབྲས་གླེགས་བམ་གྱི་ལུང་གནང་སྟེ། དེ་ལ་ཡང་ཐོག་མར་གླེགས་བམ་དཀར་ཆག རྡོ་རྗེའི་ཚིག་རྐང་། གཞུང་སྙག་མ། ཀུན་གཞིའི་ཡིག་ཆུང་། གདན་རྩོག ལུས་དཀྱིལ། འཆི་བསླུ། བུམ་དབང་གི་མདའ་ཁ་མ། ཐིག་ལེའི་རྣལ་འབྱོར། ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་མདའ་ཁ་མ། བར་དོའི་གདམས་པ། ལམ་དབང་། ཚད་མ་བཞི། གདམས་ངག་དྲུག རྟེན་འབྲེལ་ལྔ། གྲིབ་སེལ་གྱི་སྦྱིན་སྲེག གྲིབ་མ་ཁྲུས་དང་ཚ་ཚས་སེལ་བ། ཐིག་ལེ་བསྲུང་བ། ཡིག་བརྒྱའི་འདོན་ཐབས། རླུང་སྦྱོར་བདུན་གྱི་ཁྲིད། བྷ་གའི་ཡི་གེ་བཅུའི་ཡིག་སྣ་འཁོར་བཞིའི་རྒྱ། དབང་ཕྱུག་གི་དོན་བརྒྱད། བཅུ་གསུམ་གྱི་ཕྱེད་འོག་མའི་མངོན་རྟོགས་ཏེ་གསལ་བྱེད་ཀྱི་ཡིག་སྣ་ཉེར་གཉིས། དོན་བསྡུས་མ། འཁོར་འདས་དབྱེར་མེད་ཀྱི་འགྲེལ་པ། དབང་བཞིའི་མན་ངག་གི་གནད། མཆོག་དབང་གྲོལ་ལམ་ལ་བརྟེན་ནས་བསྐུར་ཚུལ། ཕྱི་བསྐྱེད་རིམ་མདོར་བསྡུས་པ། བདུད་རྩི་རིལ་