[A:༡༣བ]མཛད་པ། དཀར་པོ་བྲག་པ་རིན་ཆེན་སེང་གེའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར་མུས་ཆེན་གྱིས་མཛད་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ནམ་ཐར་དང་། གྲུབ་ཆེན་བུདྡྷའི་རྣམ་ཐར་ངོར་ཆེན་གྱིས་མཛད་པ། ངོར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ཁ་སྐོང་དང་བཅས་པ་མུས་ཆེན་གྱིས་མཛད་པ། མུས་ཆེན་གྱི་རྣམ་ཐར་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་ཡིད་འཕྲོག་ཨུཏྤ་ལའི་ཕྲེང་བ། རྡོ་རིང་རིན་པོ་ཆེའི་རྣམ་ཐར། ཚར་ཆེན་གྱི་ལམ་ཡིག་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་དཔལ་ཀྱཻ་རྡོ་རྗེའི་མངོན་རྟོགས། ལུས་དཀྱིལ། དབང་ཆུ་གསུམ་དང་། དེ་དག་གི་གསལ་བྱེད་ཚར་ཆེན་གྱིས་མཛད་པའི་ལྷན་ཐབས་རྣམས་ཀྱང་ཐོས། སྣང་གསུམ་ཁྲིད་ཀྱི་སྐབས་སུ་ཟིན་ཐུན་ལ་བརྒྱུད་པའི་ལོ་རྒྱུས་དང་། ཚད་མ་སྙན་བརྒྱུད་བཞིའི་སྒོ་ནས་ཆོས་ཀྱི་ཁོག་ཕུག་པའི་ཆོས་སྣ་དྲུག་ཅུ་བགྲངས་ཚུལ་དང་བཅས་པ་དང་། དེ་ནས་སྣང་བ་གསུམ་གྱི་ཁྲིད་རྣམས་རྫོགས་པའི་རྗེས་སུ་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བརྒྱུད་པ་གཉིས་ལྡན་གྱི་ཕྱག་ལེན་ཕྱོགས་གཅིག་ཏུ་བྱས་པ་ཐོབ་ཅིང་། དེ་ནས་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཐུན་མོང་མ་ཡིན་པ་ལ་སྨིན་གྲོལ་གཉིས་ལས། ཐོག་མར་རྗེ་བཙུན་ཡབ་དཔལ་དགྱེས་པ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་དབང་གི་མངོན་པར་རྟོགས་པ་བརྒྱད་ཚང་བའི་སྒོ་ནས་དབང་བཏེགས་ཀྱི་དཀྱིལ་འཁོར་སོགས་དབང་ཆུ་ཆེན་མོ་ལས་ཇི་སྐད་བཤད་པའི་ཚུལ་གྱི་དབང་གི་ཆུ་བོ་མ་ནུབ་པ་རྒྱས་པར་ཐོབ་