[A:༡༤བ]བུའི་སྒྲུབ་ཐབས། གེགས་སེལ་ལ་བྱུང་རྒྱལ་དུ་མི་གཏོང་པའི་གནད་བཞི། འབྱུང་བ་ལུས་འཁྲུགས་དང་སྤྱོད་ལམ་གྱི་གསལ་བ། གཞུང་ཇི་ལྟ་བ་བཞིན་དཀྲི་བ། མན་ངག་གི་གནད་དྲུག་གི་བཀྲི་བ། གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོ་ནས་བཀྲི་བ། གནད་བཅུ་གཅིག་གི་དཀྲི་བ། ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས། ལམ་ཟབ་བླ་མའི་ཡིག་ཆུང་སྟེ་གླེགས་བམ་ཡོངས་སུ་རྫོགས་པ་ཐོབ། དེ་ནས་པོ་ཏི་དམར་ཆུང་གི་ལུགས་ཀྱི་སྐོར་ཐོས་པ་ལ། ཐོག་མར་བླ་མ་ཚད་མའི་སྐབས་སུ་བརྒྱུད་པའི་གསོལ་འདེབས། དེའི་ཁ་སྐོང་། ས་ཆེན་དང་བིརྺ་པ་མཇལ་པའི་ལོ་རྒྱུས། སྒ་ཐང་ལ་བསྐུར་བ། ཉམས་མྱོང་ཚད་མའི་སྐབས་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཚིགས་བཅད་གྲྭ་སྟོན་བློ་གྲོས་ཀྱིས་ཞུས་པ། སངས་རྒྱས་སྤྱན་གྱི་རྣལ་འབྱོར། ཨཥྚའི་བཟླས་ལུང་། བདུད་རྩི་རིལ་བུའི་ཕྱག་ལེན་བདུད་རྩི་འབྱུང་བ། དབང་གི་རབ་དབྱེ། དགའ་སྟོན་ལ་གདམས་པ། ཕྱི་ནང་གསང་བ་གསུམ་གྱི་མཎྜལ། དེའི་ཁ་སྐོང་། ལུས་སྦྱོང་ཉི་ཤུ་པ། ལུས་གནད་ཀྱི་མན་ངག བདག་མེད་མའི་བྱིན་རླབས། གཏུམ་མོ་འཁོར་ལོ་བཞི་རྒྱས་པ། གཏུམ་མོའི་དམིགས་པ་ཉི་ཤུ་རྩ་དགུ། གེགས་སེལ་ལ་གསང་བདུན་མ། བར་ཆད་སུམ་སེལ། བཀའ་རྒྱ་མ། བླ་མ་ཆེན་པོའི་ཉམས་ཆུང་བ། ཉམས་ཆེན་པོ། གླེང་བཞི་མ། ཁྱད་པར་གྱི་རླུང་རེངས་པ་ལྔ་བཅོས་པ་ལ་སོགས་པ་འབྱུང་བ་ལུས་འཁྲུགས་སེལ་བ། གེགས་སེལ་ཡི་གེ་བཞིའི་གསལ་བྱེད། འཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག དེའི་ཞལ་ཤེས། དབང་བཞི་