R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༥ན
[A:༡༥ན]ངོ་སྤྲོད་རྩ་འགྲེལ། བརྡ་དོན་གསལ་བ་རྩ་འགྲེལ། དེའི་གསལ་བྱེད་ལྷོ་པའི་ཟིན་བྲིས། བསྟན་བཅོས་ཚད་མའི་སྐབས་སུ་གནད་དུ་ཆེ་བ་དྲུག རྟེན་འབྲེལ་ལྔ། ལམ་བསྡུས་པ་འདོད་པའི་ལྕགས་ཀྱུ། ཕྱག་རྒྱ་ཆེན་པོའི་དབྱེ་བ། ཚོགས་སྦྱོར་མངོན་རྟོགས། འཁོར་བཞིའི་རྒྱ། ལམ་བསྡུས་པའི་བཤད་པ། བསྒྲུབ་པ་ལུང་སྦྱིན། གསང་བ་བཅུའི་རྒྱས་གདབ་རྣམས་དང་། ལུང་ཚད་མ་ལ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ། ཡང་རྣལ་འབྱོར་དབང་ཕྱུག་གིས་རྗེ་ས་ཆེན་ལ་གནང་བའི་ཟབ་ཆོས་བཞི་ནི། ལམ་ཟབ་ཁྲིད་ཡིག བླ་མ་རིན་འབྱུང་གི་མན་ངག ལམ་སྦས་བཤད། ཕོ་བྲང་ལྔའི་སྦས་བཤད། སྦས་བཤད་ཀྱི་འཁྲུལ་འཁོར་སོ་གཉིས་རྩ་འགྲེལ། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་རྩ་འགྲེལ། དེའི་གསལ་བྱེད། བིར་བསྲུང་བྱིན་རླབས་བྱེད་ཚུལ་དང་བཅས་པ། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱེད་ཚུལ་དང་ཉམས་སུ་ལེན་ཚུལ་དང་། གཟུངས་ཀྱི་མཆན། དེའི་གསལ་བྱེད། དེའི་ལག་ལེན་དང་བཅས་པ། མན་ངག་ཟུར་པ་ལ་ཚར་གསུམ་ཁུག་པ། ཡི་གེ་བརྒྱ་པའི་གདམ་ངག སྒོ་དྲུག་ཆོས་འབྲེལ་རྣམས་དང་། ལམ་འབྲས་ཀྱི་བཤད་ཐབས་གསང་བའི་སྒོ་འབྲེལ། རྒྱུད་གསུམ་ལམ་རིམ་གྱི་ས་བཅད། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར། དབང་བཞིའི་རྟོག་པ་བསྐྱེད་པ། བིར་བསྲུང་གི་མན་ངག་བར་ཆད་ཀུན་སེལ། བིརྺ་པའི་སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས། ཐུན་མོང་མ་ཡིན་པའི་བིར་བསྲུང་གི་བྱིན་རླབས་བྱ་ཚུལ། ཉམས་སུ་ལེན་ཚུལ། མན་ངག་འདི་དང་ལམ་འབྲས་བུ་དང་བཅས་པའི་གདམས་ངག་མཚོན་བྱ་མཚོན་བྱེད་དུ་སྦྱར་