[A:༡༥བ]བ། བིར་བསྲུང་གསར་མ་རྣམས་ཐོས་སོ། །ཡང་ཆོས་རྗེ་བླ་མ་དམ་པས་མཛད་པའི་གཞུང་བཤད་མན་ངག་གཏེར་མཛོད། རྗེ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བིར་བསྲུང་ཐུན་མོང་པའི་རྒྱུན་གྱི་ཉམས་ལེན་གྱི་ཡི་གེ སློབ་བཤད་བརྒྱུད་པ་གསུམ་འདུས་ཀྱི་གསོལ་འདེབས་ལམ་གྱི་རིམ་པའི་སྨོན་ལམ་དང་བཅས་པའི་ལུང་ཡང་ཐོས། དེའི་སྐབས་སུ་ནང་བསྐྱེད་རིམ་གྱི་ཁྲིད་ཀྱི་གོང་དུ་ལམ་དུས་ཀྱི་དབང་བདག་ཆེན་རྡོ་རྗེ་འཆང་གི་ཡིག་ཆའི་སྟེང་ནས་གནང་བ་མཛད་ནས། ནང་བསྐྱེད་རིམ་དང་མ་འབྲེལ་བའི་ལམ་ཟབ་ཕྱི་མར་གྲགས་པ་དང་། དེ་ལས་འཕྲོས་པའི་ལམ་ཟབ་བླ་མ་རིན་འབྱུང་། ནང་བསྐྱེད་རིམ་དང་འབྲེལ་བའི་ལམ་ཟབ་ནང་མ་སྟེ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཀྱི་བཀའ་གསུམ། བིར་བསྲུང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བཀའ་གཉིས། གསང་དབང་གི་ལམ་གཏུམ་མོའི་ཁྲིད་ཀྱི་སྔོན་དུ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་བྱིན་རླབས་ཀྱི་བཀའ། འདི་ཡུམ་གྱི་ལམ་དུས་ཀྱི་དབང་ཡིན་གསུངས་ནས་ཐུགས་རྩིས་ཀྱང་ཆེ་བར་མཛད། གཞན་ཡང་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བདག་ཆེན་རྡོ་རྗེ་འཆང་གི་ཡིག་ཆའི་སྟེང་ནས་གནང་བ་ཡང་ཐོས། ཤེར་དབང་གི་ཁྲིད་ཀྱི་སྔོན་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྩལ་ནས། འདི་ལམ་འབྲས་ཀྱི་ཆ་ལག་མིན་ཡང་ལམ་དུས་སོགས་ས་སྐྱ་པའི་ཆག་མེད་བཞིའི་ནང་ཚན་ཡིན་པས་ལམ་འབྲས་དང་འབྲེལ་བར་བླ་མ་གོང་མ་དག་གནང་བ་ཡིན་གསུངས། དེ་དག་གི་སྐབས་སུ་ཟིན་ཐུན་ལ་དབང་ཆུའི་རྣམ་བཤད་རྒྱས་པ། སྔགས་སྡོམ་གྱི་ཐོབ་མཚམས་སོགས་ལ་མཐའ་