R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༠བ
[A:༢༠བ]བཤད་རྒྱུད་དཔལ་སམྦུ་ཊི་རྣམས་པཎྜི་ཏ་ག་ཡ་དྷ་ར་དང་། འབྲོག་མི་ལོ་ཙཱ་བ་ཆེན་པོས་བསྒྱུར་པ། རྡོ་རྗེ་འཆང་གཉིས་པ་དཔལ་ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་མཛད་པའི་རྒྱུད་སྡེ་དེ་རྣམས་ཀྱི་རྣམ་བཤད་ལ། རྗེ་བཙུན་སྐུ་མཆེད་ཀྱིས་མཛད་པའི་སྟོང་ཐུན། རྒྱུད་སྡེ་སྤྱིའི་རྣམ་གཞག་དང་། མངོན་པར་རྟོགས་པ་ལྗོན་ཤིང་གི་སྟེང་ནས་ཚུལ་བཞི་སྔོན་དུ་འགྲོ་བ་ཅན་གྱི་རྩ་རྒྱུད་ཀྱི་འགྲེལ་པ་དག་ལྡན། གུར་གྱི་འགྲེལ་པ་གུར་རྒྱན། སམྦུ་ཊིའི་འགྲེལ་པ་གནད་ཀྱི་གསལ་བྱེད་དང་བཅས་པ་བསྡུས་དོན་སོ་སོའི་སྟེང་ནས་བཤད་བཀའ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། རྡོ་རྗེ་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། རྒྱལ་བ་དཔལ་གྱི་ཡེ་ཤེས། སློབ་དཔོན་མི་ཐུབ་ཟླ་བ། དེ་ལ་སློབ་མའི་མཆོག་དཔའ་བོ་རྡོ་རྗེ། སེང་གེ་རྡོ་རྗེ། སྒྲ་གཅན་འཛིན་དང་གསུམ་ལས། འདིར་དཔའ་བོ་རྡོ་རྗེ། དེས་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ལ་གནང་། དེ་ལ་སློབ་མའི་མཆོག་འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། སེ་མཁར་ཆུང་པ།
འདི་མན་ངག་ལུགས་ཀྱི་རྒྱུད་འཛིན་ཡིན།
ཁྱིན་ལོ་ཙཱ་བ་འོད་ཀྱི་སྣང་བ་དང་བཞི་ལས། འཁོན་དཀོན་མཆོག་རྒྱལ་པོ། ཡང་ན། བླ་མ་མངའ་རིས་པ། སྒྱི་ཆུ་བ་དགྲ་ལྷ་འབར། ས་ཆེན། ཡང་ན་སེ་མཁར་ཆུང་པ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། ཡང་ན་ཁྱིན་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོ་སྟེ། དེ་ལྟར་བརྒྱུད་པའི་བཀའ་བབ་བཞི་དང་ལྡན་པའི་བླ་མ་ས་སྐྱ་པ་ཆེན་པོས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཚུལ་ཁྲིམས་