R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༡ན
[A:༢༡ན]གྲགས། གཙུག་ཏོར་རྒྱལ་པོ་དང་གསུམ་ལ་གནང་། དེ་གསུམ་ཀས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་གནང་། དེས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ལ། དེ་ནས་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། བྲག་ཕུག་པ་བསོད་ནམས་དཔལ། དེ་ལ་དཔལ་ལྡན་བླ་མ་དམ་པ་དང་། ཆོས་རྗེ་བློ་གྲོས་བརྟན་པ། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། རྡོ་རྗེ་འཆང་ནས། ཀུན་མཁྱེན་ཡོངས་འཛིན་མན་འདྲ། ཡང་ན་རྡོ་རྗེ་འཆང་ནས། གུ་གེ་པཎྜི་ཏ། གློ་བོ་མཁན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་རྒྱུད་སྡེའི་དུམ་བུ་ཆེ་ཆུང་གཉིས། སྟོང་ཐུན་གཉིས་ཀྱི་དོན་བསྡུས། ཡབ་ཀྱི་བསྟོད་པ་དཎྜ་ཀ ཡུམ་གྱི་བསྟོད་པ་དྲི་མ་མེད་པའི་ཕྲེང་བ། དེའི་འགྲེལ་པ་དྲི་མ་མེད་པའི་རྒྱལ་མཚན་དང་། དག་ལྡན་ཁ་སྐོང་། དག་ལྗོན་ལུང་འགྲེལ་གཉིས་ཤར་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་དང་། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་བྱུང་ཚུལ་དང་བླ་མ་བརྒྱུད་པའི་རྣམ་ཐར། བརྟག་གཉིས་ཀྱི་འགྱུར་བསབས་པ་ཤླཽ་ཀ་གཉིས། བརྟག་གཉིས་ཀྱི་འགྲེལ་པའི་དཀར་ཆག་རྣམས་རྗེ་ཀུན་དགའ་བཟང་གིས་མཛད་པ་