R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༤བ
[A:༢༤བ]ལ། རྭ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དགྲ་གདོང་འཇིགས་གསུམ་གྱི་ཆོས་སྐོར་གྱི་དཀར་ཆག རྒྱ་སྟོན་གྱིས་མཛད་པའི་བླ་མ་རྒྱ་བལ་གྱི་ལོ་རྒྱུས། རྒྱུད་རྟོག་པ་བདུན་པ། གཏམ་རྒྱུད་རྟོག་པ་གཅིག་པ། འཁོར་ལོའི་རྒྱུད་རྟོག་པ་གསུམ་པ། ལས་མཁན་ཏེའུ་ལོ་པའི་རྟོག་པ། ཏེའུ་ལོ་པའི་ཆུ་བྱའི་རྟོག་པ། དངོས་གྲུབ་ཀྱི་རྒྱུད་རྟོག་པ་བཞི་པ། ཏེའུ་ལོ་པའི་སྒྲུབ་ཐབས་རྒྱུད་འབུམ་པ་ནས་ཕྱུང་བ། དེའི་གསལ་བྱེད་རཱ་དྷརྨཱ་སེང་གེས་མཛད་པ། ཡང་དེའི་གསལ་བྱེད་རྒྱ་སྟོན་གྱིས་མཛད་པ། འཇིགས་བྱེད་དཔའ་གཅིག་གི་སྒྲུབ་ཐབས་རྒྱ་གཞུང་འཇམ་དབྱངས་གྲགས་པས་མཛད་པ། སྒྲུབ་ཐབས་ཨ་མོ་གྷ་བཛྲ་གྱིས་མཛད་པ། སྒྲུབ་ཐབས་ཤྲཱི་བྷ་དྲས་མཛད་པ། ཡང་ཨ་མོ་གྷ་བཛྲ་ཀྱིས་མཛད་པའི་སྒྲུབ་ཐབས་རྒྱས་པ། དེས་མཛད་པའི་འཇིགས་བྱེད་ཀྱི་དཀྱིལ་ཆོག སྦྱིན་སྲེག རཏྣ་ཨ་ཀ་ར་ཤནྟི་པས་མཛད་པའི་ཚོགས་འཁོར། བླ་མ་བྷ་རོས་མཛད་པའི་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས། བླ་མ་རྭ་ལོ་ཆེན་པོས་མཛད་པའི་རྟོག་བདུན་གྱི་ནག་འགྲེལ་དང་། དཀའ་འགྲེལ་བཅུད་ཀྱི་ཐིགས་པ། རྟོག་པ་བདུན་པའི་ལག་ལེན་གྱི་སྙིང་པོ་བསྙེན་སྒྲུབ་ལས། ལས་གཤིན་སྦྲེལ་མ་དགྲ་སྲོག་དབང་བསྡུད། རྟོག་པ་བདུན་པའི་ལག་ལེན་ཁྲིགས་ཆགས་སུ་བཀོད་པ། བསད་པ་མཚོན་ཆ་ལྟ་བུའི་མན་ངག་ཧ་ལ་ནག་པོའི་ཤོག་རིལ་གསུམ། སྦྱིན་སྲེག་གི་ཡིག་སྣ་བཞི། དཀྱིལ་འཁོར་རྒྱས་པའི་མངོན་རྟོགས་ཡིད་བཞིན་གྱི་གཏེར་མཛོད། གཙོ་བོའི་སྒྲུབ་ཐབས་དྲི་མེད་སྣང་བ། ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ཁམས་གསུམ་ཟ་བྱེད། ཞལ་གཅིག་ཕྱག་གཉིས་པའི་མངོན་རྟོགས་དྲི་མེད་ཆུ་རྒྱུན། ཞལ་གཅིག་ཕྱག་གཉིས་པའི་མངོན་