[A:༢༥ན]རྟོགས་རིན་ཆེན་དོན་བསྡུས། དབང་གི་ཆུ་བོ་དགོངས་པ་རབ་གསལ་ཏེ་རྭ་ཆེན་གྱིས་མཛད་པའི་ཡིག་སྣ་བཅུ་དྲུག འཁོར་ལོའི་གསལ་བྱེད་ཕྱི་མ་དང་། འཁོར་ལོའི་ནང་ཚན་ལས་ཐམས་ཅད་གསལ་བར་བྱེད་པ་གཉིས་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ།
རྒྱ་གཞུང་ཡིན།
རྭ་དྷརྨཱ་སེང་གེས་མཛད་པའི་མན་ངག་བཅུད་ཐིག དབང་གོང་མ་དང་ཚོགས་འཁོར་གྱི་ཡི་གེ་གཉིས་རྭ་ཡེ་ཤེས་སེང་གེས་མཛད་པ། དཀར་ཆག་གི་ཡི་གེ་རྭ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། དཀར་ཆག་དུ་མ་འདུས་པ་ཤིན་ཏུ་ཟབ་པའི་མན་ངག་གི་ཡི་གེའི་སྐོར་ལ། ཐོག་མར་རྭ་ཆེན་གྱི་གསུང་བགྲོས། རྫོགས་རིམ་ཀྱི་མན་ངག་ལ། སེམས་འཛིན་གྱི་མན་ངག མཚན་མ་གྱེན་བསྒྲེངས་ཀྱི་ཡི་གེ རྭ་རྩེ་སེམས་འཛིན་གྱི་མན་ངག མཚན་མོ་རྒྱུ་བའི་མན་ངག་དང་བཞི། ཡང་མཚན་མ་གྱེན་བསྒྲེངས་ཀྱི་ཡི་གེ རྭ་རྩེ་སེམས་འཛིན་གྱི་ཡི་གེ མཚན་མོ་རྒྱུ་བའི་ཡི་གེ འཆི་ཁའི་མན་ངག་གི་ཡི་གེ གཏོར་མའི་ལག་ལེན་དང་བཅས་པའི་ཡི་གེ་རྣམས་རྭ་ཡེ་ཤེས་སེང་གེས་མཛད་པ། དུག་དབང་རྨ་བྱ་རྒྱས་པ་ཟབ་ཅིང་རྒྱ་ཆེ་བའི་ཡི་གེ་མ་ཚང་བ་མེད་པ། ཨུཥྞི་ཥའི་སྲུང་འཁོར། ཕྱིར་བཟློག་གི་ཡི་གེའི་ཚོགས་རྭ་རྒན་ལོ་ཙཱ་བའི་ལུགས་རྭ་ནུབ་པ་ནས་བརྒྱུད་པ། རྒྱ་སྟོན་གྱིས་མཛད་པའི་ཁྲིད་ཡིག་ཞལ་ཤེས་ཀྱི་ཡི་གེ་དང་བཅས་པ། རྭ་ཆེན་གྱིས་བླ་མ་བྷ་རོའི་དྲུང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་རྣམས་རྫོགས་པའི་མཐར་གསེར་སྲང་བརྒྱད་འབུལ་བ་ཞུས་པ་དྲག་པོ་མངོན་སྤྱོད་ཀྱི་མན་ངག་མཐུ་བཟློག་ཆེན་མོ། ལ་ལི་ཏ་བཛྲ་གྱིས་མཛད་པའི་འཇིགས་བྱེད་ཞེ་