[A:༢༥བ]དགུ་མའི་སྒྲུབ་ཐབས། ཞལ་གསུམ་ཕྱག་དྲུག་པའི་གསང་བའི་སྒྲུབ་ཐབས། འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་དང་གསུམ། སློབ་དཔོན་ཡེ་ཤེས་འབྱུང་གནས་སྦས་པས་མཛད་པའི་སྒྲུབ་ཐབས། ཇོ་གདན་ནམ་མཁའ་ལྷུན་བཟང་པས་མཛད་པའི་ནག་འགྲེལ་གྱི་བཤད་པ། རྡོ་རྗེའི་ཚིག་རྣམ་པར་འབྱེད་པའི་གཞུང་སློབ་དཔོན་དོན་ཡོད་རྡོ་རྗེས་མཛད་པ། རྡོ་རྗེའི་ཚིག་འབྱེད་ཀྱི་ཁྲིད་ཡིག་གསང་ཆེན་རབ་ཟབ་དང་། ལུས་སྦྱོང་སྦས་པའི་མིག་འབྱེད་གཉིས་
ངམ་རིང་
རྩེ་ཆེན་པ་ཀུན་དགའ་བློ་གྲོས་ཀྱིས་ཨ་ནནྡ་མ་ཏི་རང་ཡིན།
མཛད་པ། དྲུག་ཅུ་པའི་གཏོར་བཟློག་འཕྲིན་ལས་ཆར་འབེབས་ཀུན་དགའ་བཟང་པོས་མཛད་པ། རྫོགས་རིམ་རྣལ་འབྱོར་བཞི་ཁྲིད་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་མཛད་པ། སྐྱོ་ལུགས་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས། ལས་ཚོགས་ཞི་བ་ལས་བདུན་མ་དང་། དྲག་པོ་ལས་བདུན་མ་ཏྲ་ལྡོང་གིས་མཛད་པ། ལོ་ཙཱ་བ་ངག་དབང་གིས་མཛད་པའི་རྒྱུད་འགྲེལ་དྲི་མེད་སྣང་བ། ལས་གཤིན་བཅུ་གསུམ་མའི་གཏོར་ཆོག་རྒྱས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ། ལས་གཤིན་གྱི་བསྐང་གསོ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། བཅུ་གསུམ་མའི་རྗེས་གནང་གི་ཡི་གེ་རྩེ་ཆེན་པ་ཨརྻ་དེ་ཝས་མཛད་པ། བསྟོད་བསྐུལ་ལོ་ཙཱ་བ་འཇམ་དབྱངས་རལ་གྲིས་མཛད་པ། ལས་གཤིན་དམར་ནག་གི་རྗེས་གནང་རྭ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། ལས་གཤིན་གྱི་སྒྲུབ་ཐབས་ཨ་མོ་གྷ་བཛྲ་གྱིས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་རྒྱུད་སྡེ་འཛིན་པ་ཆེན་པོ་བྱང་ཆུབ་གྲགས་ཀྱིས་ཟིན་བྲིས་སུ་བཏབ་པ་ལས་གཤིན་གྱི་སྒྲུབ་ཐབས་རྒྱ་སྟོན་གྱིས་མཛད་པ། ལས་ཀྱི་གཤིན་རྗེའི་སྲིད་པའི་