R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༢བ
[A:༣༢བ]དབང་ཀུན་དགའ་བསོད་ནམས་ལའོ། ༈ །གུར་གྱི་མགོན་པོའི་ཕྱི་སྲུང་བའི་འཁོར་ལོ་ལ་བརྟེན་པའི་རྡོ་རྗེའི་བྲག་རྫོང་མའི་ཁྲིད་ཀྱི་རིམ་པ་བསྙེན་པ་བྱེད་ཚུལ་གྱི་བར་རྒྱས་ཤིང་ཞིབ་པར་སྩལ་ནས། དེ་དག་གི་ནང་གསེས་ཀྱི་མན་ངག་ཕྲན་ཚེགས་སྐོར་ལ། སྔགས་པ་ནང་རྒྱས་ཀྱི་མན་ངག་དོན་ཚན་གསུམ། མལ་ཕུར་གྱི་གདམས་པ། ཨེ་ཀ་ཛ་ཏི་ལ་བརྟེན་པའི་རིམས་བསྲུང་བ། རྨི་ངན་བཟློག་པའི་ཞལ་ཤེས། མགོན་པོའི་ཚེ་སྒྲུབ་དང་བཅས་པ། སླར་དེའི་རྗེས་སུ་ནང་གི་བྲག་རྫོང་མ་དྲག་པོ་སྔགས་བཀོད་ཀྱི་གདམས་པ། གསང་བའི་བྲག་རྫོང་མ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན། རྣམ་རྟོག་བཞི་དང་བདུད་བཞི་ཚར་བཅད་དེ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཐབས་ཁྱད་པར་ཅན་རྣམས་ཉམས་ཁྲིད་དུ་ནོས་ནས། ཡང་གུར་གྱི་མགོན་པོའི་ནང་ཁྲིད་ཐུན་མོང་བ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་གི་སྟེང་ནས་དམིགས་ཁྲིད་ལུང་དང་བཅས་པ་དང་། ནང་ཁྲིད་ཐུན་མོང་མ་ཡིན་པ་རྗེ་ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེ་བས་ཟིན་བྲིས་བཏབ་པའི་ཡི་གེ་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་རབ་ཀྱི་སྟེང་ནས་ཉམས་ཁྲིད་སྨིན་རྒྱས་སུ་ཐོབ་ནས། དེ་དག་གི་རྒྱབ་ཆོས་ལུང་གི་སྐོར་ལ། བདག་ཆེན་རྡོ་རྗེ་འཆང་གིས་བསྒྲིགས་པའི་མགོན་པོད་མེ་འབར་མའི་ནང་གི་ནང་སྒྲུབ་གསང་སྒྲུབ་ཀྱི་རྟེན་གཞིའི་ཡི་གེ་མ་ཚང་བ་མེད་པའི་ལུང་དང་། དུས་ཕྱིས་རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པར་མཛད་པའི་གུར་གྱི་མགོན་པོའི་སྙན་བརྒྱུད་གླེགས་བམ། ཁ་སྐོང་གླེགས་བམ། གྱི་ལྗགས་གླེགས་བམ་རྣམས་ཡོངས་རྫོགས་ཐོབ་པའི། ཐོག་མར་སྙན་བརྒྱུད་གླེགས་