R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༣ན
[A:༣༣ན]བམ་ཀྱི་ཆོས་ཀྱི་རྣམ་གྲངས་ལ། དེ་ཉིད་ཀྱི་དཀར་ཆག་ཐམས་ཅད་མཁྱེན་པ་བློ་གསལ་རྒྱ་མཚོས་མཛད་པ། ནག་པོ་ཆེན་པོའི་ལོ་རྒྱུས་ལྷ་བཀོད་མ། རང་བསྲུང་འཁོར་ལོ་སློབ་དཔོན་ནག་པོ་ཞབས་ཀྱི་གདམས་པ། རུ་མཚོན་འཛུགས་པའི་མན་ངག་སློབ་དཔོན་པདྨས་མཛད་པ། ལྷ་མོ་ཕྱི་མ་ལྟར་བསྒྲུབ་པའི་ཡིག་ཆུང་ཡིད་བཞིན་ནོར་བུ། མགོན་པོ་དང་བར་ནག་སྦྲེལ་བའི་གསང་སྒྲུབ་ཀྱི་ཡིག་རྙིང་། ཡུམ་འཇིགས་བྱེད་ཁྲག་འཐུང་མ་གཎྜེ་ལ་བརྟེན་ནས་བསྒྲུབ་པ། པུ་ཏྲའི་རྐྱལ་འབུད་ཀྱི་རྩ་བའི་ཡི་གེ དེའི་ལག་ལེན་གྱི་ཡི་གེ རྐྱལ་འབུད་ཞལ་ཤེས་ཀྱི་ཡི་གེ ནོར་ཕྱིར་བཏང་བའི་མོན་བུ་པུ་ཏྲའི་ཡི་གེ བདུད་པུ་ཏྲའི་སྒྲུབ་ཐབས། བཤན་པ་རོ་ཁུར་གྱི་གདམས་པ། མཧཱ་ཀ་ལའི་སྒྲུབ་ཐབས་རིགས་བསྡུས་པ། སྲུང་མ་སྤྱི་ལ་དམོད་བཅོལ་སློབ་དཔོན་པདྨས་མཛད་པ། ཆོས་སྐྱོང་སྤྱིའི་སྙིང་ཆུ་བསྲེ་བ་དང་ཟབ་པའི་གནད་ལྔའི་མན་ངག་སློབ་དཔོན་པདྨས་མཛད་པ་དང་། འཁོན་ནག་ཟས་སུ་བཟའ་བའི་གདམས་པ། བསྒོམ་པ་ལྷའི་གནད་ཀྱི་མན་ངག གཏོར་མའི་མན་ངག རྦོད་གཏོང་བཟློག་པ། ཕོ་ཉའི་ལས་སྦྱོར་ཁྱུང་གི་སྔགས་སྡེབས་ཡོད་པ། འདི་ཡན་ཡིག་རྙིང་གོང་མའི་གསུང་བགྲོས་ཀྱི་སྐོར་ཡིན་ལ། གཉིས་པ་ཨ་གཉན་དམ་པས་མཛད་པའི་སྐོར་ལ། སྔོན་འགྲོ་བཤོམ་གྱི་ཡི་གེ བྲིས་སྐུ་བསྒྲུབ་པ། གྲི་གུག ཐོད་པ། གཎྜེ། རལ་གྲི། ཐུག་ཆེན། རྔ་ཆེན། ཁ་ཏྲཾ་ག ཕོ་ཉའི་ལས་རིམ་བསྐུལ་བ་སྟེ་དམ་པའི་ཤོག་རིལ་བཅུར་གྲགས་པ། ནག་པོ་ཆེན་པོའི་སྒྲུབ་ཐབས་སྤྱིའི་ཁོག་བསྒྲིགས་ཀྱི་ཞལ་གདམས་ཟབ་མོ། ནག་པོ་ཆེན་པོའི་སྒོ་ནས་ཆོ་འཕྲུལ་