[A:༣༣བ]བཏང་བའི་མན་ངག རྩ་གསུམ་ལ་བརྟེན་པའི་མན་ངག་མདོར་བསྡུས་པ་གོང་མས་མཛད་པ་དེ་ལས་ཅུང་ཟད་རྒྱས་སུ་བཏང་བ། གསང་རྟེན་ལུས་ལ་སྦ་བ། གྲི་སྙིང་བརྟག་པ། གྲི་སྙིང་འཁོར་ལོའི་ཐུན་མོང་མ་ཡིན་པའི་བཅའ་ཐབས། རབ་གནས་ཞག་བདུན་མ་དང་བཅས་པ། འཁོར་ལོ་དང་ལིང་གའི་བྲི་ཡིག་ཤིན་ཏུ་ཟབ་པ། ལྷ་བརྒྱད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་གདམས། སྔགས་ཀྱི་བཟླས་ཐབས། ལས་བཞིའི་འཕྲིན་ལས་ཀྱི་དམིགས་པ། ཆིངས་ཆེན་དྲུག་གི་ཞལ་གདམས།
གོང་གི་བསྒོམ་པ་ལྷའི་མན་ངག་སོགས་ཀྱང་འདིའི་མཚམས་ན་སྣང་།
གཏོར་ཆེན་གྱི་ཡིག་ཆུང་། གཏོར་མའི་སྒོ་ནས་དགྲ་བགེགས་ཀྱི་སྲོག་འཕྲོག་པ། གཏོར་མའི་སྒོ་ནས་བསད་ལས་ཀྱི་ཡི་གེ་རྙིང་པ། དཔལ་འབར་བརྟག་པ། ནག་པོ་ཆེན་པོ་འཁོར་བཅས་ཀྱི་སྔགས་བྱང་རྒྱས་པ། སྔགས་བྱང་བསྡུས་པ་ཡར་ཀླུང་པའི་ཟིན་བྲིས་དངོས་ལ་ཞལ་བཤུས་གཅིག བཅའ་རྟེན་གྱི་སྐབས་སུ་ཉེ་བར་མཁོ་བ་དཔལ་མགོན་བདུན་ཅུ་བསྟན་མ་བཅུ་གཉིས་སོགས་ཀྱི་སྲོག་སྔགས་ཚན་པ་ལྔའི་ངོས་འཛིན། ནག་པོ་ཆེན་པོའི་སྤྱན་འདྲེན་སྔགས་བྱང་དང་བཅས་པ་དཀར་ཆག་ནང་ལྟར།
འདི་རྣམས་བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་སྐབས་ན་ཡོད། སྲུང་འཁོར་མདུན་གང་མ་དང་། སེར་བ་བསྲུང་བ། མདུན་གང་འཕགས་པའི་སྲུང་འཁོར་གྱི་ཞལ་ཤེས། བྱད་མ་སྲུང་འཁོར་ཅན་བསད་པ། ཟབ་པ་རླུང་གི་འཁོར་ལོའི་སྦྱོར་བ། སྦྱིན་སྲེག་ཚིགས་བཅད་མ། འཕྲིན་ལས་བཞིའི་བྲོ་བརྡུང་བ་རྣམས་སོ། །གསུམ་པ་བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་གསུང་བགྲོས་ཀྱི་སྐོར་ལ་ཟབ་པའི་གནད་ཀྱི་མན་ངག་གི་ཡི་གེ་བར་སྡིང་པས་མཛད་