[A:༣༤ན]པ། ཟངས་གྲི་ཅན་གྱི་སྔགས་དང་བསྐྱེད་ཆོག་གི་ཡི་གེ མགོན་པོའི་གསང་བའི་མན་ངག་བླ་མ་དམ་པས་ཡར་ཀླུང་པ་ལ་གནང་བ། ཟུར་པ་ནང་སྒྲུབ་ཀྱི་ཡི་གེ་ཡར་ཀླུང་པས་མཛད་པ། བསྙེན་པའི་ཞལ་ཤེས་སྔགས་འཆང་ཀུན་དགའ་ཟླ་བས་མཛད་པ། དེས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྟགས་ཀྱི་ཡི་གེ པུ་ཏྲའི་གཏོར་ཆོག་ཐེག་ཆེན་ཆོས་རྒྱལ་གྱིས་མཛད་པ། གུར་ཞལ་རྣམ་གཉིས་ཀྱི་བླ་མ་བརྒྱུད་པའི་མཚན་བྱང་སྐད་གཉིས་སྦྱར་བ། བཞི་པ་བདག་ཆེན་རྡོ་རྗེ་འཆང་གི་གསུང་གི་སྐོར་ལ། ནག་པོ་ཆེན་པོའི་མན་ངག་གི་ཁོག་ཕུབ་ཀྱི་ཡི་གེ ལྷ་བརྒྱད་ཀྱི་སྒྲུབ་ཐབས་གསང་བ་ཡིད་བཞིན་ནོར་བུ། མེ་འབར་བའི་དཀར་ཆག ནང་སྒྲུབ་གསང་སྒྲུབ་ཀྱི་གནད་ཀྱི་ཟིན་བྲིས། ཁྲོ་བཅུའི་སྲུང་འཁོར་ལ་ཉེ་བར་མཁོ་བ། ཨུཥྞི་ཥའི་མན་ངག གཏོར་ཟློག་གི་ཞལ་ཤེས། བདག་ཆེན་པའི་གསུང་ལ་ཡང་དགོན་དཔལ་ལྡན་བཀྲ་ཤིས་པས་ཟིན་བྲིས་མཛད་པ་ཤོག་རིལ་དྲུག་པའི་ལག་ལེན། རུ་མཚོན་གཏོར་ཆེན། མདོས་ཀྱི་ཟིན་བྲིས་རྣམས་སོ་སོར་ཡོད། ཟུར་པ་གསང་བ་ཐུན་མོང་མ་ཡིན་པའི་ཟབ་པའི་གནད་ཀྱི་མན་ངག་ལས། ཐུན་མོང་མ་ཡིན་པའི་བསྙེན་པའི་མན་ངག གསང་བ་ཡང་ཏིག་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་མཁའ་འགྲོའི་འཁུ་ལྡོག་སྤངས་ཏེ་བྲན་གཡོག་ལྟར་བསྟེན་པའི་མན་ངག ལས་སྦྱོར་གྱི་སྔོན་འགྲོའི་ལིང་ག་བྲི་བ། དགུག་གཞུག་བྱ་བ། ཁ་སྦྱོར་དབྱེ་བ་རྣམས་སོ། །ལྔ་པ་རྡོ་རིང་རིན་པོ་ཆེས་མཛད་པའི་སྐོར་ལ། ནག་པོ་ཆེན་པོའི་འཁུ་ལྡོག་སྤངས་པ། ཐུན་མོང་མ་ཡིན་པའི་བསྙེན་པ། སྲོག་ཕུར་གྱི་མན་ངག་རྣམས་གཅིག་ཏུ་དྲིལ་བའི་ཡི་