[A:༣༤བ]གེ ཁ་སྦྱོར་དབྱེ་བ་བརྒྱད་ཀྱི་ཡི་གེ ནང་སྒྲུབ་ཐུན་མོང་མ་ཡིན་པ་དང་། གསང་སྒྲུབ་ཀྱི་ཁྲིད་ཡིག བྲག་རྫོང་མའི་ཁྲིད་ཡིག་རྒྱས་པ། ནང་གི་བྲག་རྫོང་མ། གསང་བའི་བྲག་རྫོང་མ། སེར་བ་བསྲུང་བ། སྔགས་པ་ནང་རྒྱས། བྲན་བདུད་ཀྱི་གཏོར་ཆོག་ཡི་གེ་རྣམས་སོ། །དྲུག་པ་རྡོ་རྗེ་འཆང་སྒོ་རུམ་པའི་གསུང་གི་སྐོར་ལ། ནག་པོ་ཆེན་པོའི་བླ་མའི་རྣལ་འབྱོར། མགོན་རྐྱང་
བ་རི་བའི་ལུགས།
གི་རྗེས་གནང་གི་ཡི་གེ ལྷ་བརྒྱད་ཀྱི་མཆོད་གཏོར་བསྡུས་པ། བྲིས་སྐུ་བྲི་ཐབས། བྲག་རྫོང་མའི་ཁྱད་པར་གྱི་ཞལ་ཤེས།རྡོ་རིང་པའི་གསུང་ལས་ཟིན་བྲིས་གནང་བ་དེ་ཨེ་ཡིན་བརྟག
དབང་བསྡུད་ཀྱི་དམིགས་པ། དབང་གི་སྦྱིན་སྲེག དེའི་ཞལ་ཤེས། ཚེ་སྒྲུབ་འཁོན་གཅུགས་སྦྱངས་པ། བསྙེན་པའི་དམིགས་པ། ཤཱ་ས་ནའི་རིམས་སྲུང་། ལས་བཞིའི་བསྐུལ་རྣམས་སོ། །བདུན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་གི་སྐོར་ལ། བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རིན་པོ་ཆེའི་བང་མཛོད། གསོལ་འདེབས་རྣམ་ཀུན་མ། སྙན་བརྒྱུད་པོ་ཏིའི་དཀར་ཆག ཁ་སྐོང་པོ་ཏིའི་དཀར་ཆག གྱི་ལྗངས་ལུང་པོ་ཏིའི་དཀར་ཆག དུད་སོལ་མའི་དཀར་ཆག ནག་པོ་ཆེན་པོའི་ཆོས་སྐོར་གྱི་ཁོག་ཕུག་སྙན་བརྒྱུད་རིན་ཆེན་ལྡེ་མིག ཁྲོ་བཅུའི་རྗེས་གནང་གི་ཡི་གེ ཟངས་གྲི་ཅན་རྣམ་གཉིས་ཀྱི་རྗེས་གནང་གི་ཡི་གེ་བཀའ་རྒྱ་མ། གཏོར་བསྔོ་རྒྱས་བསྡུས་འབྲིང་གསུམ། མགོན་པོའི་ཚེ་སྒྲུབ། བྲག་རྫོང་མ་དང་། གསང་ཁྲིད་ཀྱི་རྒྱུན་གྱི་ཉམས་ལེན། ལྷ་བརྒྱད་ཀྱི་སྲུང་འཁོར་མདུན་གང་མ། སྲུང་འཁོར་བྲི་ཐབས་ཀྱི་ཡི་གེ གསང་སྒྲུབ་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་བགྲོས། གུར་གྱི་རྒྱུད་ལས་ནང་