[A:༣༥ན]སྒྲུབ་དང་། གསང་སྒྲུབ་བསྟན་ཚུལ། གསང་རྟེན་བླ་རྡོ་བཅའ་ཐབས། སྤུ་གྲི་སོ་འདེབས་ཀྱི་མན་ངག ཨེ་ཀ་ཛ་ཏི་ལ་བརྟེན་ནས་རིམས་ནད་བསྲུང་བ། ནག་པོ་ཆེན་པོ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་སྒོ་ནས་ཆར་དབབ་པ། སྙིང་ཆུ་བསྲེ་བའི་ཞལ་ཤེས། བྲག་རྫོང་མའི་ཟབ་གནད་ཀྱི་བསྡུས་དོན། བྲག་རྫོང་མའི་ཕྱི་རོལ་རྫས་ཀྱི་མན་ངག་ཞལ་ཤེས་དང་བཅས་པ། མལ་ཁུར་གྱི་ཡི་གེ གཏོར་མ་ལ་བརྟེན་ནས་དགྲ་རང་གཤེད་རང་ལ་དབབ་པ། སེར་བ་བསྲུང་འབེབས་ཀྱི་མན་ངག ཐོག་བསྲུང་དང་ཤྭ་བཟློག་གི་ཡི་གེ
འདི་སེར་བ་བསྲུང་བའི་ནང་ཞར་བྱུང་དུ་བཀོད་པར་སྣང་།
ཕྱི་རྟེན་གཟུངས་འཛུགས་པའི་ཡི་གེ རུ་མཚོན་འཛུགས་པའི་ཡི་གེ གཏོར་བཟློག་གི་ཆོ་ག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། བསྟོད་བསྐུལ་འོག་མིན་མ། པུ་ཏྲའི་བསྐང་གསོ་འཕྲིན་ལས་ལྷུན་གྲུབ། བསྐང་རྫས་བྱིན་རླབས་དང་བཅས་པ་དྲི་བ་ལྷག་བསམ་རབ་དཀར། ལྷ་བརྒྱད་ཐུན་མོང་མ་ཡིན་པ་དང་། ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ་སྟེ་དཀར་ཆག་ནང་བཞུགས་ཡིག་སྣ་སུམ་བཅུ་སོ་དགུ། དཀར་ཆག་ན་མི་གསལ་བ། བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པའི་ཡི་གེ་བཀའ་རྒྱ་མ། བསྙེན་པའི་ཞལ་གདམས་ཚིགས་བཅད་མ། གཏོར་སྒྲུབ་ཀྱི་ལྷན་ཐབས་དངོས་གྲུབ་རོལ་མཚོ། གཏོར་མ་གསུམ་གྱི་རྣམ་བཤད་རྣམས་སོ། །རྨི་ལྟས་ངན་པ་བཟློག་པའི་ཟབ་མོ་རླུང་གི་འཁོར་ལོ་བྱ་བ་གཅིག་ཀྱང་ཐོབ། བརྒྱད་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་གི་གསུང་གི་སྐོར་ལ། འཕྲིན་ལས་འདོད་དོན་གསོལ་གདབ། མགོན་པོའི་ཆོས་སྐོར་ཐོབ་ཚུལ་ཚིགས་བཅད་མ། ནག་པོ་