[A:༣༥བ]ཆེན་པོ་ལ་གསོལ་བ་འདེབས་པ། ལྷ་བརྒྱད་སྦྲགས་སྒྲུབ་ཀྱི་ཕྱི་རོལ་མཆོད་པ། ལས་བཞིའི་མཆོད་པ་བཤམ་ཚུལ་དང་། སྤོས་སྦྱོར་གྱི་ཟིན་བྲིས། ཁྲོ་བཅུའི་རྗེས་གནང་བྱེད་ཚུལ། ཟངས་གྲི་སྐོར་གསུམ་གྱི་གཏོར་ཆོག སྲུང་འཁོར་གྱི་སྒོ་ནས་བསྙེན་པ་བྱེད་ཚུལ་ཤོག་གཅིག་མ། དྲི་ཤུ་ལ་བརྟེན་པའི་རིམས་བསྲུང་ཆུང་ངུ་། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟིན་བྲིས། ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ བྱད་མ་རང་གཤེད་རང་ལ་དབབ་པའི་མཐུ་སྟོབས་རྡོ་རྗེའི་མེ་ཆར་ཏེ་ལུང་རྒྱུན་བཞུགས་པའི་ཡིག་སྣ་བཅུ་གསུམ། ཡང་ཡིག་རྙིང་ལ། གཏོར་མའི་བཀྲ་བརྟག་ཐབས། སྡེ་བརྒྱད་སྤྱིའི་གནད་ཁྱད་པར་གྱི་གནད་དང་བཅས་པ། ཞུས་ལན་གནད་ཀྱི་ཐུར་མ། རྨི་ལམ་བརྟག་པ་ཤེལ་གྱི་མེ་ལོང་། ཡིག་སྣ་ཀུན་ཐུབ། ཐོད་ངན་ཀུན་ཐུབ། རྒྱ་གསུམ་བཀྲོལ་བའི་མན་ངག་ཤོག་གཅིག་མ་རྣམས་སློབ་དཔོན་པདྨས་མཛད་པ་སྟེ་སྙན་བརྒྱུད་པོ་ཏི་དཀར་ཆག་ནང་བཞུགས་ཆ་ལག་དང་བཅས་པ་ཚང་བར་ཐོབ། ཡང་ཁ་སྐོང་པོ་ཏི་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ནག་པོ་ཆེན་པོའི་གཏམ་རྒྱུད། ལྷ་མོ་བཤན་པ་ནག་མོའི་རྒྱུད་ལེའུ་བཅུ་བདུན་པ། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། ལོ་ཆེན་རིན་བཟང་པོའི་རྣམ་ཐར་གུ་གེ་ཁྲི་ཐང་པས་མཛད་པ། ཡར་ཀླུང་པ་ཁུ་དབོན་གྱི་རྣམ་ཐར་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་ཀྱིས་མཛད་པ། དཀར་ཆག་ན་གསལ་བ་ལ། ཁ་ཆེ་པཎ་ཆེན་གྱིས་ས་པཎ་ལ་གནང་བའི་གསང་སྒྲུབ་སྐོར་གསུམ་གྱི་རྒྱ་གཞུང་། ལོ་རྒྱུས་ཀྱི་ཡི་གེ བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ མལ་ལོ་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་