R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༨བ
[A:༣༨བ]དོན་དང་། ནག་པོ་ཆེན་པོའི་གདམས་པ་ལག་ཏུ་བླངས་པའི་རིམ་པ་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ། བཅུ་བདུན་མའི་བསྙེན་སྒྲུབ་ལས་གསུམ་གྱི་མི་བསླུ་བའི་གསང་ཚིག་གྲུ་གུ་སྟོན་པས་མཛད་པ། བཅུ་བདུན་མའི་བོད་རྦད་གསད་གསུམ་གྱི་སྒྲུབ་ཐབས་ལག་ཏུ་བླངས་པའི་རིམ་པ་ཡིད་བཞིན་ནོར་བུ་རིན་ཆེན་གྱི་ལྗང་གི་སློབ་མ་གཉིས་ཀྱིས་བཀའ་བགྲོས་ནས་ཡི་གེར་བཀོད་པ། ནག་པོ་གཤིན་རྗེ་ལྟར་བསྒྲུབ་པ་བཅུ་བདུན་མའི་བསྙེན་སྒྲུབ་ལས་ཚོགས་ཐོར་བུ་དང་བཅས་པ་དགོས་འདོད་འབྱུང་བའི་གཏེར་ཞེས་བྱ་བ་དམ་པས་མཛད་པ། ཉེར་མཁོ་ལྷན་ཐབས་ཀྱི་སྐོར་ལ་བཅུ་བདུན་མའི་མངོན་རྟོགས། ནག་པོའི་ལས་བྱང་། མཆོད་ཕྲེང་གཏོར་ཆོག་དང་བཞི་བྲམ་ཟེས་མཛད་པ། དེའི་བསྡུས་དོན་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་བྲམ་ཟེས་མཛད་པ་མེ་ལྷའི་བསྟོད་པ་དང་བཅས་པ། དེའི་བསྡུས་དོན་དྷརྨཱ་གཟི་བརྗིད་ཀྱིས་མཛད་པ། བསྟོད་པའི་ཕྲེང་བ་བྲམ་ཟེས་མཛད་པ། ཡང་བསྟོད་པ་སྔོན་ཚེ་མ་བྲམ་ཟེས་མཛད་པ། དྲེགས་བྱེད་དཔའ་བོ་གཅིག་པའི་བསྙེན་སྒྲུབ་རྦད་བསད་ཀྱི་མན་ངག བཀྲ་ཤིས་ཀྱི་ཆོ་ག་བྲམ་ཟེས་མཛད་པ། ལས་མགོན་གྱི་སྐོར་ལ། གཅེར་བུ་ཟངས་གྲི་ཅན་གྱི་སྒྲུབ་ཐབས་བྲམ་ཟེས་མཛད་པ། དེའི་སྒྲུབ་ཐབས་གོང་མའི་ཡི་གེ བྲན་བདུད་ཀྱི་སྒྲུབ་ཐབས་བྲམ་ཟེས་མཛད་པ། ས་ཆེན་གྱིས་དོ་བ་སྟོན་ཚུལ་ལ་གནང་བ་བྲན་བདུད་ཀྱི་ལུང་སྦྱིན་པ་ཞེས་བྱ་བའི་ཡི་གེ བྲན་བདུད་ཀྱི་སྒྲུབ་ཐབས་ལ་ཉེ་བར་མཁོ་བ་རུ་མཚོན་བཅའ་ཐབས་ཡར་ཀླུང་པས་མཛད་པ། ལས་སྦྱོར་ཐོར་བུའི་སྐོར་ལ། སེར་བ་འབེབས་པའི་ཡི་གེ དེའི་གསལ་བྱེད་ཀྱི་ཡི་གེ རྦོད་སྟོང་