R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༩ན
[A:༣༩ན]བཟློག་པའི་ཡི་གེ རྡོ་རྗེའི་ཚིག་ཏུ་སྦས་ཏེ་གསུངས་པའི་མན་ངག་བརྒྱད་ནི། དྲེགས་བྱེད་རྣོན་པོའི་མན་ངག བགེགས་འཇོམས་པ། ཆར་དབབ་པ། ཆར་བཅད་པ། ཡི་དྭགས་བསྐྲད་པ། ཕྱག་རྒྱ་འགུགས་པ། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ། རིགས་སྔགས་དང་རྦོད་གཏོང་བཟློག་པའི་མན་ངག་སྟེ་བརྒྱད་དོ། །པཎ་ཆེན་བྱམས་པ་གླིང་པས་མཛད་པའི་མགོན་པོའི་ལས་བྱང་འཕྲིན་ལས་ཕུན་ཚོགས་མའི་ལུང་དང་བཅས་ཐོབ་པའི། དེ་ལྟར་གོང་དུ་བཀོད་པའི་མགོན་པོའི་ཁྲིད་རྣམས་དང་། སྙན་བརྒྱུད་དང་ཁ་སྐོང་གླེགས་བམ་གྱི་མན་ངག་རྣམས་ཀྱི་བརྒྱུད་པ་ནི། གོང་གི་ལྷ་བརྒྱད་སོགས་ཀྱི་རྗེས་གནང་གི་བརྒྱུད་པ་རྣམས་དང་འདྲ་ལ། མགོན་པོད་གྱི་ལྗང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་བྲམ་ཟེ་མཆོག་སྲེད། སློབ་དཔོན་ལ་ལི་ཏ་བཛྲ། གྲུབ་ཆེན་ནག་པོ་རོ་འཛིན། ལོ་ཙཱ་བ་གྱི་ལྗང་དབུ་དཀར་བ། ཚར་དགུ་སྟོན་པ། གྲུ་སྟོན། དགེ་བཤེས་དབུགས། ས་སྐྱ་དགེ་སློང་དྷརྨཱ་གཟི་བརྗིད། ཉི་ཐོག་པ་སྔགས་འཆང་ཀུན་དགའ་ཟླ་བ། མདར་མཁན་པོ་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་རྗེ་བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་དྲིན་ཅན་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་