R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤ན
[A:༤ན]ལྕགས་སྡོང་མ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྨུག་ནག་དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ་གདོང་གསུམ་པ། རིག་འཛིན་ལྷ་དབང་བརྒྱ་བྱིན། རིག་འཛིན་ཀླུ་རྒྱལ་འཇོག་པོ། སྐལ་ལྡན་རྒྱལ་པོ་ཛ། མཁས་པ་ཤཱཀྱ་པྲ་བྷ། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤི་ལ་མཉྫུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་རིག་འཛིན་ཆེན་པོ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། བླ་མ་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། དྲིན་ཅན་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རིག་འཛིན་རྩ་བའི་བླ་མ།
བསོད་ནམས་ཆོས་འཕེལ།
མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྒྱུད་སྡེ་སྤྱིའི་དགོངས་པ་འགྲེལ་པ་སློབ་དཔོན་ཆེན་པོ་ཨ་བྷྱ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ལ། གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུ། འཕགས་ལུགས་ལྷ་སོ་གཉིས། རྣམ་སྣང་སྒྱུ་དྲ་ལྷ་ཞེ་གསུམ། དགྲ་ནག་ལྷ་བཅུ་གསུམ་སྟེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཞི། བརྟག་གཉིས་ནས་གསུངས་པའི་ཀྱཻ་རྡོར་ལྷ་དགུ་མའི་བཞི། གུར་རིགས་བསྡུས་ལྷ་ང་གསུམ། སམྦུ་ཊིའི་རྒྱུད་ལས་གསུངས་པའི་བདག་མེད་མ་ལྷ་མོ་ཉེར་གསུམ། བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་