[A:99]ཆོས་ཀྱི་རྒྱལ་པོ། མཁས་བཙུན་རིན་ཆེན་རྒྱལ་མཚན། རྗེ་བསོད་ནམས་བཟང་པོ། རྗེ་བཙུན་རྡོ་རིང་པ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་བྱམས་པ་རབ་བརྟན། མཚུངས་མེད་ཆོས་འོད་ཟེར། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ ཁྲོ་མོ་རྨེ་བརྩེགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། ཁྲོ་མོ་མ། སེང་གེའི་གདོང་ཅན། གྲུ་སྤང་རྩ་བ་རྡོ་རྗེ་སེང་གེ ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དར། བེ་བུག་པ་བདེ་ལེགས་རྒྱལ་མཚན། རིག་འཛིན་ཆོས་རྒྱལ་བསོད་ནམས། རྗེ་བཙུན་སྔགས་འཆང་ཆེན་པོ་ཆོས་སྐྱོང་བསོད་ནམས། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤང་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པའི་རྒྱལ་མཚན། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་