R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 100
[A:100]ཆོས་ཀྱི་རྒྱལ་པོ། རྗེ་བོད་མཁར་བ་དོན་གྲུབ་རྒྱལ་མཚན། མི་ཕམ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་ཀྱི་རྗེས་གནང་དང་། དེའི་ཡིག་ཆ་རྗེ་ཚར་ཆེན་གྱིས་མཛད་པ་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། དཔལ་ཤ་བ་རི་དབང་ཕྱུག མངའ་བདག་མཻ་ཏྲི་བ། གྲུབ་ཐོབ་ར་ཧུ་ལ་གུཔྟ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤང་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། ཡང་ན། ཚར་ཆེན། རྗེ་བོད་མཁར་བ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ལྷ་མོ་དུད་སོལ་མའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་སྐལ་པ་བཟང་པོ། བིརྺ་པ། ནག་པོ་སྤྱོད་པ། ཏེ་ལོ་པ། ནཱ་རོ་པ། རྗེ་བཙུན་མར་པ་ལོ་ཙཱ། རྔོག་ཆོས་ཀྱི་རྡོ་རྗེ། བླ་མ་མདོ་སྡེ། རྒྱལ་ཚ་ར་མོ། སློབ་དཔོན་ལྕམ་མེ། སློབ་དཔོན་ཀུན་དགའ་