R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 101
[A:101]དབང་ཕྱུག སློབ་དཔོན་རིན་ཆེན་རྒྱལ་པོ། རིན་ཆེན་དཔལ། གྲགས་པ་རྒྱལ་མཚན། ཀུན་དགའ་བློ་གྲོས། ཀུན་དགའ་བཟང་པོ། བསོད་ནམས་དོན་གྲུབ། བསོད་ནམས་ལྷུན་པོ། རྔོག་བསོད་ནམས་བསྟན་འཛིན། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། གྲུབ་མཆོག་རྡོ་རྗེའི་མཚན་ཅན། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ས་སྐྱ་པའི་བསྟན་འཛིན་གྱི་གཙུག་རྒྱན་ངོར་ཆེན་རྡོ་རྗེ་འཆང་ནས་བརྒྱུད་པའི་ས་སྐྱ་པའི་མན་ངག་དམར་པོ་སྐོར་གསུམ་དུ་གྲགས་པའི་ཆོས་སྐོར་རྣམས་ཐོབ་པ་ལ། ཐོག་མར་རྗེ་བཙུན་ཀུ་རུ་ཀུལླེའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། དེས་རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འུ་ཡུག་པ་ཀུན་བསོད། ཉི་ཐོག་པ་ཀུན་སྨོན། ཡོན་ཏན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་པ་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་དགའ་ལྡན་པ་ཀུན་བསོད། བག་སྟོན་གཞོན་