[A:102]ཚུལ། བླ་མ་ཚུལ་རྒྱལ་བ། ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ ཤར་པ་མན་སྔར་དང་འདྲ། ༈ །ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གདན་པ། ཐ་བི་ར། བ་རི་ལོ་ཙཱ་བ། ལྕགས་ཐང་པ། ས་ཆེན། རྗེ་བཙུན། ཆོས་རྗེ་པ། ཁང་བསོད་ནམས་འབུམ། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲའོ། ༈ །ཚོགས་བདག་དམར་ཆེན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ས་ར་ཧ་པ། ཀླུ་སྒྲུབ། རི་ཁྲོད་མགོན་པོ། ཧཾ་ངུ་དཀར་པོ། མལ་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། རིན་པོ་ཆེ་སྐྱོབ་པ་དཔལ། རོང་པ་ཤེས་སེང་། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་། བྱང་སེང་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲའོ། ༈ །ཡེ་ཤེས་ཀྱི་མགོན་པོ་བེང་ཆེན་དམར་པོའི་རྗེས་གནང་། དེའི་ཡིག་ཆ་རྗེ་མཁྱེན་བརྩེ་བས་མཛད་པ་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཁརྶ་པ་ཎི། གྲུབ་ཆེན་མི་ཏྲ་ཛོ་ཀི ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ ཆོས་རྗེ་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ཆོས་རྗེ་ནམ་མཁའི་མཚན་ཅན། སྐུ་ཞང་ནམ་མཁའ་འབུམ། མཁས་པ་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་