[A:103]ཁྲིམས་རྒྱལ་མཚན། ཀ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་བཙུན་སྐལ་ལྡན་བཟང་པོ། རྗེ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ནས། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་གྱི་མན་ངག་ལས་ཀུ་རུ་ཀུལླེའི་གསང་སྒྲུབ་ཌོམྦྷི་ལུགས་ཀྱི་བྱིན་རླབས་དེའི་ཡིག་ཆའི་ལུང་ཐོབ་པ་ལ། རྒྱ་གཞུང་དང་། བྱིན་རླབས་བྱ་ཚུལ་ས་ཆེན་གྱིས་མཛད་པ་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཌཱ་ཀི་ནི་སུ་གྷ་གི ཌོམྦྷི་ཧེ་རུ་ཀ ཙ་ན་བ། ཏེ་ལོ། ནཱ་རོ། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་ཀུན་བསོད། མཉམ་མེད་ཆེན་པོ། གཟུངས་ཀྱི་དཔལ་བ། ཡར་ཀླུང་པ་ཁུ་དབོན། ཕ་ཆོས་རྗེ་བྲག་ཐོག་པ་བསོད་བཟང་། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། བླ་མ་བློ་གྲོས་རྣམ་རྒྱལ། ཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། སྟོབས་ལྡན་འོད་ཟེར། བླ་མ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་ཐུན་མོང་མ་ཡིན་