R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 104
[A:104]པའི་རྗེས་གནང་ཡར་ཀླུང་པའི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། འབྲོག་མིའི་བར་གསུང་ངག་དང་འདྲ། དེ་ནས་འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྗེ་བཙུན་རིན་པོ་ཆེ། ཡར་བསྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་བཟང་། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་རིན་པོ་ཆེ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་དབང་ཕྱུག་རབ་བརྟན་མན་གོང་དང་འདྲ། ༈ །འདོད་པའི་རྒྱལ་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། ཡུམ་བདེ་བ་རྒྱས་བྱེད་མ། ཛེ་ཏ་རི། ལ་ལི་ཏ་བཛྲ། ཏ་ཐཱ་ག་ཏ་རཀྵི་ཏ། རྡོ་རྗེ་གདན་པ། ཐཱ་གི་ར། བ་རི་ལོ་ཙཱ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དོ་པ་སྟོན་ཚུལ། རྒྱལ་ཚབ་ལུང་གི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། དེ་མན་ཚོགས་བདག་དང་འདྲ། ༈ །ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཕྱི་སྒྲུབ་ཀྱི་རྗེས་གནང་རྒྱས་བསྡུས་གཉིས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མགོན་པོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ། ཨརྻ་དེ་ཝ། མར་མེ་མཛད་བཟང་པོ། དུས་ཞབས་པ། ཙ་མི་སངས་རྒྱས་གྲགས། དཔལ་ཆེན་སྒ་ལོ། བདེ་གཤེགས་ཕག་མོ་གྲུབ་པ། འབྲི་ཁུང་འཇིག་རྟེན་མགོན་པོ། སྐྱི་ཤོད་པ་བཀྲ་ཤིས་འབུམ། སྐྱི་ཤོད་གྲགས་པ་སེང་གེ སློབ་དཔོན་སངས་རྒྱས་གཞོན་ནུ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་